བོད་ལྗོངས་སྣུམ་ཚོན་རི་མོའི་རིག་གཞུང་སློབ་ཚོགས་དངོས་སུ་བཙུགས་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༡ པའི་ཚེས ༡༡ ཉིན་གྱི་ཕྱི་དྲོ།  བོད་ལྗོངས་སྣུམ་ཚོན་རི་མོའི་རིག་གཞུང་སློབ་ཚོགས་དངོས་སུ་བཙུགས་པ་དེས་རང་ལྗོངས་སུ་སྣུམ་ཚོན་རི་མོའི་རིག་གཞུང་སློབ་ཚོགས་མེད་པའི་སྟོང་ཆ་གསབ་པ་དང་།  རང་ལྗོངས་ཀྱི་སྣུམ་ཚོན་རི་མོའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་རང་ལྗོངས་ཀྱི་རིག་རྩལ་བྱ་གཞག་གྲ་རྒྱས་གོང་འཕེལ་ཡོང་རྒྱུར་སྒུལ་ཤུགས་གསར་པ་བསྣན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ལྗོངས་སྣུམ་ཚོན་རི་མོའི་རིག་གཞུང་སློབ་ཚོགས་ལ་ད་ལྟ་ཁོངས་མི་བརྒྱད་ཅུ་ལྷག་ཙམ་ཡོད་པ་དང་།  བོད་ལྗོངས་རི་མོ་མཁས་ཅན་མཐུན་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་མོ་མཁས་ཅན་སྐལ་བཟང་ཚེ་རིང་གིས་ཀྲུའུ་ཞིའི་འགན་འཁུར་བ་དང་།  ཧན་ཧྲུའུ་ལིད་དང་ཁྲེན་ཏན་ཆིང་སོགས་རྒྱལ་ནང་གི་རི་མོ་མཁས་ཅན་གྱིས་མཚན་འཛིན་ཀྲུའུ་ཞིའི་འགན་འཁུར་ཡོད།

བོད་ལྗོངས་སྣུམ་ཚོན་རི་མོའི་རིག་གཞུང་སློབ་ཚོགས་ཀྱི་གསར་དུ་བདམས་ཐོན་བྱུང་བའི་ཀྲུའུ་ཞི་སྐལ་བཟང་ཚེ་རིང་ནས།  བོད་ལྗོངས་སྣུམ་ཚོན་རི་མོའི་རིག་གཞུང་སློབ་ཚོགས་བཙུགས་པ་ནི་བོད་ཀྱི་རིག་གནས་བྱ་གཞག་གི་གཏམ་བཟང་ཞིག་རེད།  གོམ་སྟབས་རྗེས་མར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འབྲེལ་ཡོད་རིག་གནས་ཐད་ཀྱི་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ཏེ།  སྟེགས་བུ་དེ་བརྒྱུད་རང་ལྗོངས་ཀྱི་སྣུམ་ཚོན་རི་མོ་བའི་སྣེ་འཁྲིད་དེ་གསར་རྩོམ་བྱེད་པ་དང་འགྲེམ་སྟོན་སྤེལ་རེས་སྒྲིག་འཛུགས་བྱས་ནས།  སྣུམ་ཚོན་རི་མོ་བའི་གསར་རྩོམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་བོད་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]