རང་ལྗོངས་གྲོང་ཁྱེར༼ས་ཁུལ༽ལྔའི་གྲོང་ཚོའི་རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་ལེགས་སྒྲུབ་ཟིན་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-11-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་སྤྱི་ཟླ ༦ པར་ལྗོངས་ཡོངས་ཀྱི་གྲོང་ཚོའི་རྩ་འཛུགས་སྐབས་བརྗེ་འདེམས་བསྐོའི་ལས་དོན་འགོ་ཚུགས་ཚུན།  གྲོང་ཁྱེར༼ས་ཁུལ༽ཁག་གིས་གྲ་སྒྲིག་ལས་དོན་ཏན་ཏིག་སྤེལ་བ་དང་རྩ་འཛུགས་འགོ་ཁྲིད་ཀྱི་འགན་སྲུང་ནུས་ལྡན།  ལག་བསྟར་བརྒྱུད་རིམ་ཁྲིམས་ལུགས་དང་མཐུན་ལ་གོ་རིམ་ལྡན་པ།  འདེམས་བསྐོའི་འབྲས་བུའི་ཕན་འབྲས་མངོན་གསལ་དོད་པ་བཅས་བྱུང་ནས།  གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།  ད་བར་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་ཕུད་དེ་མིན་གྲོང་ཁྱེར༼ས་ཁུལ༽ལྔའི་གྲོང་ཚོའི་རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་ལེགས་སྒྲུབ་ཟིན་པ་རེད།   
ལྗོངས་ཡོངས་གྲོང་ཚོའི་རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་ལ་སྐུལ་སྤེལ་གཏོང་བའི་ཁྲོད།  རིམ་ཁག་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚད་གཞི་དེ་མི་སྣ་འདེམས་པའི་ཆ་རྐྱེན་གཙོ་བོར་རྩིས་ནས་ཚད་གཞི་དང་ཆ་རྐྱེན་ནན་པོ་སྲུང་བ་དང་།  འགྲོ་ལུགས་ནན་པོ་བརྒྱུད་དེ་རིམ་པ་བསྟར་ཆགས་ངང་མི་དོན་བཀོད་སྒྲིག་ཇུས་གཞི་བཟོ་བ་དང་ཞིབ་དཔྱད་བྱས་པ་རེད།  གྲོང་ཁྱེར༼ས་ཁུལ༽ཁག་གིས་ད་དུང་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ་དང་ལག་རྩལ་འཇོན་ཐང་ཅན།  དམག་ཞབས་འཐིམ་པའི་དམག་མི།  སྔོན་ཐོན་གཉིས་ལྡན་དུད་སྦྲེལ།  ཕ་ཡུལ་དུ་ལོག་མཁན་སློབ་གྲྭ་ཆེ་འབྲིང་ཐོན་པའི་སློབ་མ་བཅས་ཀྱི་ཁྲོད་ནས་གྲོང་ཚོའི་ལས་བྱེད་པ་འདེམ་རྒྱུར་མཐོང་ཆེན་བྱས་པ་དང་།  ས་ཆ་དེ་གའི་དཔལ་འབྱོར་གོང་འཕེལ་ལ་འཚམས་པའི་འཇོན་ཐང་ལྡན་པའི་ནང་སའི་མང་ཚོགས་བཅས་ཁྲོད་ནས་གྲོང་ཚོའི་ལས་བྱེད་འོས་འདེམས་བྱེད་རྒྱུར་མཐོང་ཆེན་བྱས་པ་རེད།  དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་བཅོས་སྒྲིག་བྱེད་རྒྱུ་དེ་གྲོང་ཚོའི་རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོའི་འགྲོ་ལུགས་ཐོག་མར་བརྩི་བ་དང་།  བརྒྱ་ཆ་བཅུའི་བསྡུར་གྲངས་ལས་མི་དམའ་བའི་ཐོག་ནས་ལྡོག་རྩིས་བརྒྱུད་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ལ་གཅིག་བསྡུས་བཅོས་སྒྲིག་བྱས་པས་ཕྱོགས་འགྱུར་རིམ་སྤོར་ཐུབ་ཚད་བརྒྱ་ཆ་བརྒྱ་ཟིན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]