རང་ལྗོངས་ཀྱིས་དཔྱིད་གསར་དུས་ཆེན་རིང་གི་སྐྱེལ་འདྲེན་ལས་དོན་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-01-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༨ ཉིན་ཕྱི་དྲོ།  རྒྱལ་ཡོངས་ཀྱི་སྤྱི་ལོ ༢༠༡༨ ལོའི་དཔྱིད་གསར་དུས་ཆེན་རིང་སྐྱེལ་འདྲེན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ།  དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་ཀྱི་སྐྱེལ་འདྲེན་ལས་དོན་ཁྱོན་ཡོངས་ནས་སྐུལ་སློང་བཀོད་སྒྲིག་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། དཔྱིད་གསར་དུས་ཆེན་སྐྱེལ་འདྲེན་ལས་དོན་གྱི་རང་སྐྱོང་ལྗོངས་འགོ་ཁྲིད་ཚོགས་ཆུང་ཙུའུ་ཀྲང་ཝང་ཧའེ་ཀྲའུ་བོད་ལྗོངས་ཡན་ལག་ཚོགས་རའི་འཚོགས་འདུར་ཕེབས་པ་དང་།  ཚོགས་འདུ་གྲོལ་རྗེས་འཕྲལ་མར་སྤྱི་ལོ ༢༠༡༨ ལོའི་དཔྱིད་གསར་དུས་ཆེན་སྐྱེལ་འདྲེན་ལས་དོན་གྱི་རང་ལྗོངས་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ཏེ།  འབྲེལ་ཡོད་ལས་དོན་བསྐྱར་དུ་སྐུལ་སློང་བཀོད་སྒྲིག་བྱས་པ་རེད། 
ཚོགས་འདུའི་ཐོག་གྲོང་ཁྱེར༼ས་ཁུལ༽ཁག་དང་འབྲེལ་ཡོད་ཚན་པ་ཁག་ནས་ལས་ཀའི་འཆར་གཞི་འཐུས་ཚང་བཟོས་ཏེ།  སྔ་ཙམ་བཀོད་སྒྲིག་ངང་དཔྱིད་གསར་དུས་ཆེན་རིང་སྐྱེལ་འདྲེན་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱེད་དགོས་པ་དང་།  གསར་འགྱུར་སྨྱན་སྦྱོར་གཙོ་བོ་བེད་སྤྱོད་གང་ལེགས་བཏང་ནས་དུས་ཐོག་ཏུ་སྤྱི་ཚོགས་ལས་རིགས་ཁག་ལ་དཔྱིད་གསར་དུས་ཆེན་རིང་སྐྱེལ་འདྲེན་གནས་ཚུལ་གཏོང་སྤེལ་བྱས་ཏེ།  རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ཀྱིས་དུས་བདེ་དང་དགའ་སྤྲོ།  འཆམ་མཐུན་བཅས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]