ལོ་ལྔའི་ནང་རང་ལྗོངས་ཀྱི་རིག་གནས་ཐོན་ལས་ཡར་ངོའི་ཟླ་ལྟར་གོང་འཕེལ་ཕྱིན་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-01-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་རང་ལྗོངས་ཀྱི་རིག་གནས་ཚན་པ་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ་གལ་ཆེན་བསྐྲུན་རྒྱུར་གཞི་ཚུགས་ཏེ།  རིག་གནས་ཐོན་ཁུངས་ཆེ་ཁུལ་ནས་རིག་གནས་འཕེལ་རྒྱས་སྟོབས་ཆེའི་ཁུལ་དུ་ཕྱོགས་སྒྱུར་བྱེད་མགྱོགས་སུ་བཏང་བས།  རིག་གནས་བསྒྱུར་བཅོས་དང་གོང་འཕེལ་གྱི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 
ལོ་ལྔའི་ནང་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་སྲིད་ཇུས་དང་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས།  ལྗོངས་ཡོངས་ཀྱི་རིག་གནས་འཛུགས་སྐྱོང་བྱེད་རྒྱུར་སྲུང་བརྩི་ཞུ་ཡུལ་གལ་ཆེན་མཁོ་འདོན་བྱས་པ་རེད།  ཀྲུང་དབྱང་ནས་བོད་ཀྱི་རིག་གནས་འཛུགས་སྐྱོང་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར ༡༥ ལྷག་ཙམ་བཏང་བ་དེ་ལོ་ལྔ་ཚན་བཅུ་གཅིག་པའི་ལྡབ་ལྔ་ཡན་ཡིན་པ་དང་།  རྒྱལ་ཁབ་ཀྱི་པུའུ་ཨུད་དང་ཞིང་ཆེན་དང་གྲོང་ཁྱེར།  ལས་ཁུངས་བཅས་ཁག་གིས་བོད་སྐྱོར་རྣམ་པའི་ཐོག་ནས་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར ༢༠ ལས་བརྒལ་བ་རེད།

ལོ་ལྔའི་ནང་རང་ལྗོངས་ཀྱིས་ཤང་ ༼གྲོང་རྡལ༽ གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས ༥༤༣ དང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་བྱེད་གནས ༣༩  དཔེ་དེབ་ཁང་དང་།  མང་ཚོགས་སྒྱུ་རྩལ་ཁང་།  རྟེན་རྫས་བཤམས་མཛོད་ཁང་བཅས ༡༩ རིག་གནས་ཐང་ཆེན ༡༦༠༠ ལྷག་ཙམ།  གྲོང་གསེབ་ཀྱི་གྲངས་འཛིན་རིག་གནས་ས་ཚིགས ༡༢༧༦ བཅས་བསྐྲུན་པས།  རིམ་བཞིའི་སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་ཀྱི་དྲ་བ་རགས་ཙམ་ཆགས་ཟིན་ཞིང་།  ལོ་ལྟར་སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་སྒོ་དབྱེའི་མ་དངུལ་སྒོར་ཁྲི་ཚོ ༥༠༠༠ ལྷག་ཙམ་དོན་འཁྱོལ་བྱས་པས་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

ལྗོངས་ཡོངས་ཀྱི་རིག་རྩལ་གསར་གཏོད་ཁྲབ་སྟོན་གྲ་རྒྱས་གོང་འཕེལ་བྱུང་ནས།  ཉི་མའི་བུ་མོ་ཞེས་པའི་མི་རིགས་གླུ་གར་ཆེ་གྲས་དང་སྒྲ་སྙན་གྱི་ལས་འབྲེལ་ཞེས་པའི་ལྷ་མོའི་འཁྲབ་སྟོན་གསར་པ་སོགས་ཕུལ་བྱུང་རིག་རྩལ་བརྩམས་བྱར་རྒྱལ་ཡོངས་ཀྱི་བྱ་དགའ་ཆེན་པོ་ཐོབ་པ་རེད།  ལོ་ལྔའི་ནང་ལྗོངས་ཡོངས་ཀྱི་ཆེད་ལས་རིག་རྩལ་ཚོགས་པ་དང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལེ་ཚན ༤༠༠༠ ལྷག་ཙམ་གསར་རྩོམ་བྱས་པ་དང་འཁྲབ་སྟོན་ཐེངས ༡༨༠༠༠ བྱས་པ་རེད།

ལོ་ལྔའི་ནང་ཁྱོན་མ་དངུལ་སྒོར་དུང་ཕྱུར ༤༠༠ ལྷག་ཙམ་བཏང་ནས།  བོད་ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་མཛོད་བཙུགས་པའི་ནང་རྣམ་གྲངས ༡༢༢ ཡོད་པ་དང་།  བོད་རིགས་དང་ཆང་རིགས།  དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་འཁྱམས་རིང་གི་གཙོ་གནད་རྣམ་གྲངས ༡༩ ལག་བསྟར་བྱེད་འགོ་ཚུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར ༤༣.༣༠ བཏང་ཡོད།  རིག་གནས་ཁྲོམ་རའི་བྱེད་པོ་སྐྱེད་བསྲིང་ཤུགས་ཆེ་བྱས་པར་ད་ཆ་ལྗོངས་ཡོངས་སུ་རིགས་ཁག་གི་རིག་གནས་ཁེ་ལས ༤༦༨༠ དང་ལས་མི ༣༢༠༠༠ ཙམ་ཟིན་པ།  བོད་མི་རིགས་ཀྱི་རོལ་དབྱངས་ཐོན་ལས་རྟེན་གཞི་ཐོག་མ་དང་།  བོད་ལྗོངས་བཟོ་རྩལ་མཛེས་རྩལ་མཐུན་ཚོགས།  བོད་ལྗོངས་འགུལ་རིས་གོང་འཕེལ་མཐུན་ཚོགས།  བོད་ལྗོངས་རིག་གནས་སྲུང་སྤེལ་ཐེབས་རྩ་ལྷན་ཚོགས་སོགས་བཙུགས་པ་རེད།

རང་ལྗོངས་སུ་ཕུན་སུམ་ཚོགས་པའི་ཤུལ་བཞག་དང་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་ཡོད་པ་དེ་ཡང་།  ལོ་ལྔའི་ནང་རང་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ནས་རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས ༨༩ དང་རང་སྐྱོང་ལྗོངས་རིམ་པའི་ཚབ་མཚོན་རང་བཞིན་གྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྣམ་གྲངས ༣༢༣ དེ་བཞིན་རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ ༦༨ དང་རང་སྐྱོང་ལྗོངས་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ ༣༥༠ ཡོད་པ་རེད།

ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་ཁོ་ནར་ཀྲུང་དབྱང་ནོར་སྲིད་ནས་བོད་ཀྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཐད་ཁྱོན་འགྲོ་གྲོན་སྒོར་དུང་ཕྱུར ༡.༡ ལྷག་ཙམ་བཏང་བ་དང་།  རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པར་ལོ་རེར་ཁ་གསབ་སྒོར ༥༠༠༠ ནས ༡༠༠༠༠ བར་མཐོ་རུ་བཏང་བས།  མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་མ་དངུལ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཀྱི་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]