དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་དགོང་ཚོཌ་ཀྱི་གྲ་སྒྲིག་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-01-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཤར་གྲབས་ཡོད་པ་དང་བསྟུན་ནས།  དཔྱིད་གསར་དུས་ཆེན་དང་བོད་ཀྱི་ས་ཁྱི་ལོའི་ལོ་གསར་གྱི་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་འཕྲིན་མཉམ་སྤྲོའི་དགོང་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡང་བྲེལ་ཚུབ་ཆེ་བའི་དུས་སུ་སླེབས་ཡོད།  
དགོང་ཚོགས་ཀྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཀྲའོ་ཅུན་ནས།  ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཉིན་གཅིག་ལ་འཁེལ་ཡོད་སྟབས་དགོང་ཚོགས་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།  དགོང་ཚོགས་ཀྱི་ལེ་ཚན་ཐད་ནས་བཤད་ན་བོད་སྐད་སྲུང་སྐར་འཕྲིན་ལམ་དང་རྒྱ་སྐད་སྲུང་སྐར་འཕྲིན་ལམ་དབར་མི་འདྲ་བ་ཅུང་ཟད་ཡོད་པ་ནི།  རྒྱ་སྐད་སྲུང་སྐར་འཕྲིན་ལམ་ཐོག་རྒྱ་སྐད་ཀྱི་ལེ་ཚན་གཙོ་བོར་བྱེད་པ་དང་བོད་སྐད་སྲུང་སྐར་འཕྲིམ་ལམ་ཐོག་བོད་སྐད་ཀྱི་ལེ་ཚན་གཙོ་བོར་འཛིན་ཡོད་ཅེས་བཤད། 
དུས་ཆེན་དགའ་གཏོང་གི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད།  ན་ནིང་འཚོགས་པའི་ཚོགས་ཆེན་བཅུ་དགུ་པའི་སྐོར་ཡང་ལོ་གསར་དགོང་ཚོགས་ཀྱི་གླེང་ཆ་ཆེ་གྲས་སུ་གྱུར་ཡོད།  ཀྲའོ་ཅུན་ནས་ད་ལོ་ནི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ཀྱི་ལོ་གསར་དགོང་ཚོགས་དང་པོ་དེ་ཡིན་པས།  ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་སྤྲོ་སེམས་རབ་ཏུ་འཕེལ་བའི་བསམ་པའི་ཉམས་འགྱུར་ངེས་པར་དུ་མངོན་ཐུབ་པ་བྱས་ཏེ།  དགའ་སྤྲོ་འཆམ་མཐུན་དང་བརྗོད་དོན་ཁ་གསལ་བའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་དགོང་ཚོགས་ཤིག་འཚོག་རྒྱུ་ཡིན་ཞེས་བཤད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]