སོ་ནམ་ལོ་གསར་ཤར་ལ་ཉེ་བས་གཞིས་རྩེའི་ཁྲོམ་རར་འཁྲུག་ཆས་ཁེངས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-01-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞིས་རྩེའི་སོ་ནམ་ལོ་གསར་ཤར་གྲབས་ཡོད་པས་ཉེ་དུས་གཞིས་རྩེ་གྲོང་ཁྱེར་བཀྲ་བདེ་ལྷོ་ལམ་གྱི་ལོ་གསར་མཁོ་ཆས་ཁྲོམ་རར་མི་ཚོགས་ཀྱིས་ཁེངས་ཡོད་པ་དང་།  ཁྲོམ་བཀྱག་ཐོག་ཚོན་མདོག་སྣ་ལྔའི་བྲོ་ཞིམ་ཁ་ཟས་དང་།  མངར་ཆ།  ཤིང་འབྲས་སྐམ་པོ་སོགས་གང་དགོས་ཅི་འདོད་ཡོད་པ་རེད། 
ཟི་ཁྲོན་ནས་ཡོང་བའི་ཚོང་པ་ཡང་ལགས་ཀྱིས།  ད་ལོ་ཆེད་མངགས་སྟར་ཁའི་ཏན་ཤིན་དང་ཏིལ་གྱི་ཏན་ཤིན་སོགས་ཕ་ཡུལ་གྱི་ཁ་ཏོག་གཞིས་རྩེའི་ལོ་གསར་ཁྲོམ་རར་སྟོན་ཡོད་པ་མ་ཟད།  ད་དུང་འཛད་སྤྱོད་པར་བྲོ་བ་ཅི་འདྲ་ཡོད་མེད་རང་དགར་ལྟ་རུ་འཇུག་གི་ཡོད་པས་ཁོང་གི་ཚོང་འདོན་སར་འཚང་ཁ་ཆེན་པོས་ཁེངས་ཡོད། 
ན་ནིང་དང་བསྡུར་ན་བཟོ་གྲྭས་ཀྱང་ཐོན་རྫས་གསར་གཏོད་ཐད་བསམ་བློ་དེ་བས་མང་པོ་བཏང་ཡོད་པ་དང་།  གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཁེན་ཏ་པ་རི་སུར་པན་ལས་སྣོན་བཟོ་གྲྭས་ན་ནིང་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་བྱུང་བའི་ཤར་པའི་སུར་པན་ཁ་ཚ་བཏོན་པ་ཕུད་ད་ལོ་ད་དུང་བོད་བཟོའི་སུར་པན་དམར་འདུར་དང་།  ད་དུང་ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་ཤིང་ཆས་དང་དངུལ་ཆས་སྤུས་ཀ་ལེགས་ལ་བཟོ་ལྟ་མཛེས་པོ་ཡོད་པས་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད། 
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་གཞིས་རྩེ་གྲོང་ཁྱེར་གྱིས་ལོ་གསར་མཁོ་ཆས་ཕྱིར་འཚོང་བྱེད་གནས་དེ་ཁྱད་ལྡན་ཐོན་རྫས་དང་།  གྱོན་གོས།  ཚོང་ཟོག་རྩག་རྩིག  མངར་ཆ།  ཤིང་འབྲས་སྐམ་པོ་སོགས་ལོག་ཏུ་དབྱེ་བ་བྱེད་པ་དང་།  ཁྲོམ་བཀྱག་ལྔ་བརྒྱ་ལྷག་ཙམ་ཡོད་ཅིང་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་ཁྱེར་དོ་དམ་པས་ཉིན་གང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཀྱི་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]