དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་རང་ལྗོངས་ཁྲོམ་རའི་མཁོ་སྤྲོད་འདེང་ངེས་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-02-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་རང་ལྗོངས་ཀྱི་ཁྲོམ་རའི་ཐོག་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་སྲུང་གི་ལས་དོན་ཏན་ཏིག་སྒྲུབ་ནས།  ཁྲོམ་རའི་འཁོར་རྒྱུག་བརྟན་པོ་དང་ཁྲོམ་ར་གྲ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད།  རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འགན་འཁྲི་ཏན་ཏིག་འཁུར་བ་དང་བྱ་ཐབས་ནུས་ལྡན་བཟུང་སྟེ་ཁྲོམ་རར་ཚོང་ཟོག་མཁོ་སྤྲོད་འདེང་ངེས་ཡོང་བ་བྱས་ཡོད།
ལྗོངས་ཡོངས་ཀྱི་ཚོང་དོན་གཙོ་འགན་ཚན་པས་ཁྲོམ་རར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས།  དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་ལ་བརྟག་ཞིབ་བྱས་ཤིང་།  ལྗོངས་ཡོངས་སུ་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་ཐད་དབྱེ་ཞིབ་བྱས་པ་དང་ཉེན་བརྡ་བཏང་སྟེ།  དམངས་འཚོ་འགན་སྲུང་དང་འབྲེལ་བའི་འབྲུ་རིགས་དང་སྣུམ།  ཤ།  རྩམ་པ།  མར་སོགས་འཚོ་བའི་མཁོ་ཆས་ཀྱི་རིན་གོང་བརྟན་པོ་ཡོང་བ་བྱས་པ་མ་ཟད།  ཁྲོམ་རའི་བྱེད་པོ་སྐོང་འཐེན་གང་ལེགས་བྱས་ཐོག་ཚོང་ཁུངས་རྒྱ་ཆེར་བཏང་ནས་དུས་ཆེན་གོང་གི་ཁྲོམ་རའི་དགོས་མཁོ་འགན་སྲུང་བྱས་ཡོད།   
ཤེས་རྟོགས་བྱས་པར་གཞིགས་ན།  ད་བར་རང་ལྗོངས་ཀྱི་སྒོ་རྩིས་ཚོང་ཁང་སོགས་ཀྱིས་འཛད་སྤྱོད་པའི་དགོས་མཁོར་གཞིགས་ནས།  ཚོང་ཟོག་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་རིམ་ཁག་ཞིང་ལས་ཉོ་ཚོང་སྡེབ་ཚོང་ཁྲོམ་རས་དུས་ཆེན་གོང་གི་སྔོ་ཚལ་དང་ཤིང་འབྲས་སོགས་གྲ་སྒྲིག་གང་ལེགས་བྱས་ཡོད།  དེང་སྐབས་རང་ལྗོངས་ཀྱི་ཁྲོམ་རའི་མཁོ་སྤྲོད་འདེང་ངེས་ཡོད་པ་དང་རིན་གོང་བརྟན་པོ་ཡོད་པ་རེད། 
ལྗོངས་ཚོང་དོན་ཐིང་གི་ཁྲོམ་ར་འཁོར་རྒྱུག་སྙོམས་སྒྲིག་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་པ་སངས་ནས།  ལྗོངས་ཚོང་དོན་ཐིང་གིས་ལོ་གསར་རིང་གི་མཁོ་སྤྲོད་ལས་དོན་མུ་མཐུད་ཡག་པོ་སྒྲུབ་ནས་ལྗོངས་ཡོངས་ཀྱི་མི་དམངས་རྣམས་ལོ་གསར་སྐྱིད་པོ་གཏོང་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]