རང་ལྗོངས་ནས་དུས་ཆེན་གོང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཐད་ཞིབ་བཤེར་བྱས་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-02-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་གཉིས་པའི་ཚེས ༡༡ ཉིན།  དུས་ཆེན་རིང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་འགན་སྲུང་བྱ་ཆེད།  རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཅུས་ནས་དུས་ཆེན་གོང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ཐད་ཞིབ་བཤེར་ཆེ་མོ་བྱས་པ་རེད། 
ད་རེས་གཙོ་བོ་ཞིང་ཞོར་ཉོ་ཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་།  བཟའ་བཏུང་ཞབས་ཞུ་ཚན་པ།  སྨན་རྫས་ཚོང་ཁང་བཅས་ལ་ཞིབ་བཤེར་བྱས་པ་དང་ཆབས་ཅིག  ལྷ་སའི་གྲོང་འདབས་དང་།  གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་ཁུལ་གྱི་བཟའ་བཅའ་དང་སྨན་རྫས་ཁྲོམ་རར་ལྐོག་བཤེར་བྱས་པ་རེད།  དེ་ཡང་དུས་ཆེན་རིང་འཛད་སྤྱོད་མང་བའི་འབྲུ་རིགས་ཐོན་རྫས་དང་སྔོ་ཚལ།  ཤིང་འབྲས།  ཕྱུགས་བྱའི་ཐོན་རྫས།  སྲན་ཕྱུར་བཟའ་བཅའ།  འོ་མའི་ཐོན་རྫས།  ཨ་རག་དང་འཐུང་བྱའི་རིགས་སོགས་དང་།  གཉེར་སྐྱོང་བྱེད་པོའི་ཐོབ་ཐང་དང་ལས་ཞུགས་མི་སྣའི་བདེ་ཐང་ལག་ཁྱེར།  བཟའ་བཅའ་དང་བཟའ་བཅའི་མ་བཅོས་རྒྱུ་ཆ།  བཟའ་བཅའི་སྦྱོར་རྟ།  བཟའ་བཅའི་འབྲེལ་ཡོད་ཐོན་རྫས་ཉོ་ཚོང་བཅས་ཀྱི་ཞིབ་བཤེར་ལམ་ལུགས་དང་ཐོ་འགོད་ལམ་ལུགས།  ལག་ཁྱེར་དང་སྤ་སེ་ལེན་པ་སོགས་ཀྱི་ལམ་ལུགས།  བཟའ་བཅའ་དང་སྨན་རྫས་ཀྱི་ཐོན་སྐྱེད་དུས་ཚོད།  སྤུས་ཚད་འགན་ལེན་དུས་ཚོད་སོགས་གཙོ་གནད་དུ་བཞག་ཡོད། 
རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཅུས་ཀྱི་འགན་ཁུར་བས།  ལྗོངས་ཡོངས་ཀྱི་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཚན་པས་ཁྲོམ་རར་དུས་ངེས་གཏན་དང་དུས་ངེས་མེད་དུ་རྒྱུན་གཏན་ཅན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་ཀྱི་ཡོད།  དུས་ཆེན་གོང་ཞིབ་བཤེར་ཆེ་མོ་བྱས་པ་བརྒྱུད་བཟའ་བཅའ་དང་སྨན་རྫས་གཉེར་སྐྱོང་བྱེད་མཁན་གྱི་བདེ་འཇགས་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ།  ལྗོངས་ཡོངས་ཀྱི་མི་དམངས་མང་ཚོགས་རྣམས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐྱིད་པོ་ཞིག་གཏོང་ཐུབ་རྒྱུར་རྨང་གཞི་བཟང་པོ་བཏིང་ཡོད། 
གཞན་ཡང་།  འཛད་སྤྱོད་པས་བཟའ་བཏུང་དང་སྨན་རྫས་ཉོ་སྒྲུབ་བྱེད་སྐབས་གལ་སྲིད་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱུང་ཚེ་ཐད་སྦྲེལ་ཁ་པར་ཨང་གྲངས ༡༢༣༣༡ བརྒྱབ་ནས།  ས་ཆ་དེ་གའི་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་ཚན་པར་ཞུ་གཏུག་དང་ཐེར་འདོན་བྱེད་ཆོག་ཅེས་བཤད་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]