བོད་ཀྱིས་ལོ་ལྔ་ཚན་བཅུ་གསུམ་པའི་དུས་མཇུག་ཏུ་ཤང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོ་ཡོངས་ལ་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-02-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པར་ཉིན་ཤས་གོང་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་ཤར་གཏོང་ཤར་སྐྱོད་ཐུབ་པའི་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱས་ནས།  ལོ་ལྔ་ཚན་བཅུ་གསུམ་པའི་དུས་མཇུག་ཏུ་ཤང་༼ གྲོང་རྡལ ༽དང་སྒྲིག་ཚུད་གྲོང་ཚོ་ཡོངས་ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་།  ཤང་༼ གྲོང་རྡལ ༽བརྒྱ་ཆ ༡༠༠ དང་སྒྲིག་ཚུད་གྲོང་ཚོ་བརྒྱ་ཆ ༨༠ ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ།  ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བཅས་བྱེད་རྒྱུ་རེད། 
རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཡང་སྐྱིད་ནས།  རང་ལྗོངས་འདི་ཉིད་མཐའ་མཚམས་མི་རིགས་ས་ཁུལ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་བསྡུས་ཡུག་འབྲེལ་དབུལ་ཕོངས་ས་ཁུལ་ཞིག་ཡིན་པས།  འགྲིམ་འགྲུལ་སྐྱེལ་འདྲེན་གོང་འཕེལ་དོ་སྙོམས་མེད་པ་དང་གང་ལེགས་བྱུང་མེད་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱེད་པའི་ཐད་འགྲིམ་འགྲུལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་ཆེད།  སླད་ཕྱིན་ལོ་གསུམ་ནང་རང་ལྗོངས་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་གྲོལ་འགག་སྒྲོལ་སྐོར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འཆར་གཞིས་མཛུབ་ཁྲིད་བྱེད་པ་དང་།  སྲིད་གཞུང་གི་གཙོ་ཁྲིད་དང་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་ཇུས་དང་ཚན་པ།  མ་དངུལ།  བྱ་ཐབས་བཅས་ཀྱི་ཐད་ནས་འཕར་གཟིགས་རྒྱབ་སྐྱོར་བྱས་ཐོག་ལེགས་པོ་བཞི་ལྡན་གྱི་གྲོང་གསེབ་གཞུང་ལམ་གྱིས་གཙོ་གནད་བྱས་ཏེ།  གྲོང་གསེབ་གཞུང་ལམ་དྲ་བ་ཅན་དུ་འཛུགས་སྐྲུན་དང་ཤང་༼ གྲོང་རྡལ ༽དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་།  མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་དང་དེ་བཞིན་གྲོང་ཚོ་དང་དུད་ཚང་སོགས་ལ་གཞུང་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་ནས།  ཤང་༼ གྲོང་རྡལ ༽
དང་སྒྲིག་ཚུད་གྲོང་ཚོ་ཡོངས་ལ་གཞུང་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་སྔ་སྣུར་དུ་ལེགས་སྒྲུབ་ཐུབ་པ་བྱེད་རྒྱུ་དང་ཆབས་ཅིག  གྲོང་གསེབ་ཀྱི་སྐྱེལ་འདྲེན་མཐུན་སྦྱོར་གོང་འཕེལ་མགྱོགས་སུ་བཏང་སྟེ་སྤྱི་ལོ ༢༠༢༠ ལོར་སླེབས་དུས་ཆ་རྐྱེན་འཛོམས་པའི་ཤང་༼ གྲོང་རྡལ ༽ལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༡༠༠ ཟིན་པ་དང་།  སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༨༠ ཟིན་པ་བྱེད་རྒྱུ་རེད་ཅེས་གསུངས།
ཉེ་བའི་ལོའི་ནང་རང་ལྗོངས་ཀྱིས་གྲོང་གསེབ་གཞུང་ལམ་གྱི་རྣམ་གྲངས་ལ་སྐུལ་འདེད་གཏིང་ཟབ་བཏང་བས།  གྲོང་གསེབ་གཞུང་ལམ་རིང་ཚད་སྤྱི་ལོ ༢༠༡༢ ལོའི་སྤྱི་ལེ་ཁྲི ༥.༣༢༤༤ ནས་ད་ཆའི་སྤྱི་ལེ ༦.༠༤༢༡ བར་རིང་དུ་ཕྱིན་པ་མ་ཟད།  གཞུང་ལམ་ཤར་གཏོང་དང་ཤར་སྐྱོད་ཐུབ་ཚད་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད།  སྤྱི་ལོ ༢༠༡༧ ལོ་ཁོ་ནར་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས ༡༣༧༤ བཀོད་སྒྲིག་བྱས་པ་དང་།  སྒོར་དུང་ཕྱུར ༤༢༢ ལྷག་ཙམ་བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ ༦༨༨༧ གསར་དུ་བསྐྲུན་པ་དང་ཤང་༼ གྲོང་རྡལ ༽ ༤༠ དང་སྒྲིག་ཚུད་གྲོང་ཚོ ༡༦༦ ལ་ཨར་འདམ་ལམ་བཟོས་ཡོད།  ད་བར་ལྗོངས་ཡོངས་ཀྱི་རྫོང་ཁག་ཁྲོད་མེ་ཏོག་རྫོང་ཕུད་པའི་རྫོང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་དང་།  ཤང་༼ གྲོང་རྡལ ༽ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༩༩ དང་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༩༩ ཟིན་ཡོད།  དེ་བཞིན་ལྗོངས་ཡོངས་སུ་མེ་ཏོག་རྫོང་ཕུད་པའི་རྫོང་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དང་།  ཤང་༼ གྲོང་རྡལ ༽ལ་རྒྱུན་ཚིགས་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༧༠ དང་སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་བརྒྱ་ཆ ༤༥ ཟིན་ཡོད། 
གཡང་སྐྱིད་ནས་ད་དུང་སྤྱི་ལོ ༢༠༡༨ ལོར་རང་ལྗོངས་ཀྱིས་ཁུལ་ཁོངས་གོང་འཕེལ་གྱི་འཐབ་ཇུས་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས།  མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་གཞུང་ལམ་དང་།  གྲོང་ཚོ་དང་དུད་ཚང་ལ་ཤར་གཏོང་ཐུབ་པའི་གཞུང་ལམ།  བབ་བསྟུན་གནས་སྤོས་ཀྱི་དབུལ་སྐྱོར་བཀོད་སྒྲིག་ཁུལ་གྱི་འགྲོ་ལམ་བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས།  གཙོ་གནད་ཐོག་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ།  ཤང་༼གྲོང་རྡལ ༽༡༣ དང་སྒྲིག་ཚུད་གྲོང་ཚོ ༡༡༥༢ ལ་ཨར་འདམ་ལམ་འདིང་བའི་རྣམ་གྲངས་རིམ་བཞིན་ལག་བསྟར་བྱས་ནས།  སྤྱི་ལོ ༢༠༡༩ ལོར་སླེབས་དུས་ཤང་༼ གྲོང་རྡལ ༽བརྒྱ་ཆ ༡༠༠ དང་སྒྲིག་ཚུད་གྲོང་ཚོ་བརྒྱ་ཆ ༨༠ ལ་ཨར་འདམ་ལམ་འདིང་ཐུབ་པ་བྱེད་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]