གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གསུམ་གྱི་སྐོར་གླེང་བ།

ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-03-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༧ ལོར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ལ་འཕྲིན་ལན་བདུན་བསྐུར་བའི་ནང་ནས་གསུམ་ནི་གྲངས་ཉུང་མི་རིགས་སྤུན་ཟླར་བསྐུར་གནང་ཡོད།  འདི་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གསུམ་འབྱོར་བའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱིས་དོན་དེའི་སྐོར་གླེང་བ་དང་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་ཡོད།

སྤྱི་ལོ ༢༠༡༧ ལོའི་ཟླ ༡ པོའི་ཚེས ༡༡ ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤིན་ཅང་ཧོ་ཐན་གྱི་ཨ་ཁུ་ཁུར་པན་གྱི་རྗེས་རབས་ལ་འཕྲིན་ལན་བསྐུར་བ་དང་།  ཨ་ཁུ་ཁུར་པན་གྱི་ཡང་ཚ་རུ་ཁེ་ཡ་མུ་མའེ་ཐི་སེ་ཏི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ངོས་ནས་པེ་ཅིང་ལ་སླེབས་ཡོད།  རུ་ཁེ་ཡ་མུ་མའེ་ཐི་སེ་ཏི་ནས་སྤྱི་ཁྱབ་ཧྲུའུ་ཅིས་ན་ནིང་ང་ཚོར་འཕྲིན་ལན་བསྐུར་གནང་བྱུང་།  ཁོང་གིས་འཕྲིན་ལན་ནང་ང་ཚོ་ཤིན་ཅང་གི་མི་ཚང་མ་ཤིང་ཏོག་སེ་འབྲུ་ལྟར་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་།  ཡང་མེས་ཀྱི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་བྱེད་དགོས་པའི་མངགས་བཅོལ་གནང་བྱུང་།  ང་ཚོ་ནང་མི་ཚང་མས་ཡང་མེས་དང་འདྲ་བར་ཡུལ་མི་རྣམས་དང་ལྷན་དུ་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན།  ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོར་དགའ་ཞེན་བཅས་ཀྱི་དཔེ་སྟོན་ཏུ་འགྱུར་བ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བྱས་ཏེ་ནམ་ཡང་མེས་པོའི་སྙིང་སྟོབས་རྒྱུན་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
སྤྱི་ལོ ༢༠༡༧ ལོའི་ཟླ ༡༠ པའི་ཚེས ༢༨ ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་བསྐུར་བའི་འཕྲིན་ལན་ལ་སྤྱི་ཚོགས་ཐོག་ལན་ཆ་ཆེན་པོ་བྱུང་ཡོད།  གཅེན་གཅུང་གཉིས་ཀྱི་ནང་ནས་སྒྲོལ་དཀར་ད་ཐེངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ངོས་ནས་པེ་ཅིང་ལ་སླེབས་ཡོད།  སྒྲོལ་དཀར་ནས་ང་ཚོའི་ནང་མི་ཡོངས་ཀྱིས་ལོ་དེ་དག་རིང་མཐའ་མཚམས་བརྟན་སྲུང་བྱས་ནས་བསྡད་པ་ཡིན།  ང་ཚོས་བརྙན་འཕྲིན་ཐོག་ནས་རྟག་ཏུ་སྤྱི་ཁྱབ་ཧྲུའུ་ཅིས་མཐའ་མཚམས་སུ་རྟོག་ཞིབ་ལ་ཕེབས་པ་མཐོང་གི་འདུག  ང་ཚོའི་སེམས་ནང་མཐའ་མཚམས་བརྟན་སྲུང་བྱེད་པ་ནི་གལ་ཆེན་པོ་ཡིན་པའི་ངོས་འཛིན་ཐུབ་ཀྱི་འདུག་པས་དེར་བརྟེན་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་བསྐུར་འདོད་བྱུང་།  སྤྱི་ཁྱབ་ཧྲུའུ་ཅིས་ལམ་སེང་འཕྲིན་ལན་བསྐུར་གནང་བྱུང་བས་ང་ཚོ་ཧ་ཅང་དགའ་པོ་བྱུང་།  ད་ཆ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་ང་ཚོ་མཐའ་མཚམས་ཁུལ་ལ་བདེ་འཇགས་བརྟན་ལྷིང་ཡིན་ལ།  ང་ཚོར་ཡང་མཐའ་མཚམས་ཁ་གསབ་སྲིད་ཇུས་མང་པོ་ཡོད་པ་དང་ཕྱོགས་ཁག་ཚང་མར་ཐུགས་ཁུར་མང་པོ་ཡོད་ཅེས་བཤད།

སྤྱི་ལོ ༢༠༡༧ ལོའི་ཟླ ༡༡ པའི་ཚེས ༢༡ ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨུ་ལན་མུ་ཆིའི་རུ་མིར་འཕྲིན་ལན་བསྐུར་གནང་ནས།  ཁོ་ཚོས་མུ་མཐུད་གཞི་རིམ་དུ་གཞི་རྐང་འཛུགས་པ་དང་མང་ཚོགས་ལ་ཞབས་ཞུ་བྱས་ནས།  དུས་ནམ་ཡང་རྩྭ་ཐང་ཐོག་གི་གསར་བརྗེའི་རིག་རྩལ་རྟ་དམག་རུ་ཁག་བྱེད་དགོས་པའི་སྐུལ་མ་གནང་འདུག  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ནང་སོག་རང་སྐྱོང་ལྗོངས་སུ་ཉི་ཐེ་གཡས་རུའི་ཇིའི་ཡི་ཨུ་ལན་མུ་ཆིའི་ཞབས་བྲོའི་འཁྲབ་སྟོན་པ་ཧ་སེ་ཐ་རྣས་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་དེས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ།  ང་ཚོའི་གསར་རྩོམ་གྱི་སྤྲོ་སེམས་ཀྱང་ཇེ་ཆེར་ཕྱིན་པ་དང་ང་ཚོའི་ཨུ་ལན་མུ་ཆི་ཤེས་མཁན་ཡང་ཇེ་མང་དུ་གྱུར་སོང་།  སླད་ཕྱིན་ང་ཚོས་སྤུས་ལེགས་ཀྱི་ཕུལ་བྱུང་བརྩམས་ཆ་དེ་བས་མང་བ་གསར་རྩོམ་བྱ་རྒྱུ་ཡིན་ཞེས་བཤད།
ཏང་གཅེས་རྒྱལ་གཅེས་དང་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེན་མོ་ནས་མཐའ་མཚམས་ས་མཐོའི་ཐོག་གི་མཐའ་སྲུང་ཕ་དང་བུ་མོའི་བར་དང་།  ཐང་རྒོད་དང་རྩྭ་ཐང་ཐོག་གི་རིག་རྩལ་ལས་དོན་པའི་བར།  སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་བའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་གཅིག་རྗེས་གཉིས་མཐུད་ངང་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་ཕ་ཡུལ་འཛུགས་བསྐྲུན་ཡག་པོ་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཆུད་ཟོད་དུ་མི་གཏོང་བ་དང་རླབས་ཆེའི་དུས་རབས་གསར་པར་ངོ་གནོང་མི་དགོས་པ་ཞིག་བྱེད་ཀྱི་ཡིན་ཞེས་བཤད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

འབྲེལ་ཡོད་གསར་འགྱུར།

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]