རང་ལྗོངས་ཀྱི་གྲཌ་ཅན་སྤུས་རྟཌ་ཁེ་ལས་བཅུ་ལྷག་ཙམ་གྱིས་ཧྲང་ཧའེ་འགྲེམས་སྟོན་ལྟེ་གནས་སུ་འགྲེམས་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཀྲུང་གོ་རང་བརྟེན་སྤུས་རྟགས་འགྲེམས་ཚོགས་དང་ཀྲུང་གོ་སྤུས་རྟགས་འཕེལ་རྒྱས་རྒྱལ་སྤྱིའི་གླེང་སྟེགས་སྐབས་དང་པོ་ཧྲང་ཧའེ་འགྲེམས་སྟོན་ལྟེ་གནས་སུ་གཉེར་བ་དང་།  རང་ལྗོངས་ཀྱི་གྲགས་ཅན་སྤུས་རྟགས་ཁེ་ལས་བཅུ་ལྷག་ཙམ་སྤུས་རྟགས་འགྲེམས་ཚོགས་ལ་ཞུགས་པ་རེད།

སྐབས་འདིའི་སྤུས་རྟགས་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི།  ཀྲུང་གོའི་སྤུས་རྟགས་འཛམ་གླིང་མཉམ་སྤྱོད་ཞེས་པ་དེ་ཡིན་པ་དང་།  འགྲེམས་ཚོགས་ཐོག་རང་རྒྱལ་གྱི་རང་བརྟེན་སྤུས་རྟགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པ་བྱས་ནས།  རང་བརྟེན་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཚད་རྒྱ་ཆེར་བཏང་སྟེ།  ཀྲུང་གོའི་རང་བརྟེན་སྤུས་རྟགས་ཀྱི་གཟུགས་བརྙན་བཟང་པོ་ཞིག་གཏོད་ཆེད་རེད།  རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་པ ༥༠ ལྷག་ཙམ་དང་།  རྒྱལ་ནང་གི་གྲགས་ཅན་སྤུས་རྟགས་ཁེ་ལས ༦༠༠ ལྷག་ཙམ།  གསར་གཏོད་རྣམ་པའི་ཁེ་ལས་འབྲིང་ཆུང་ ༡༠༠ ལྷག་ཙམ་དང་སྤུས་རྟགས་ཞབས་ཞུའི་སྒྲིག་གཞི ༢༠ ལྷག་ཙམ་བཅས་འགྲེམས་ཚོགས་ནང་ཞུགས་པ་རེད།  རང་ལྗོངས་ཀྱི་འགྲེམས་ཁུལ་དེ་འགྲེམས་སྟོན་ལྟེ་གནས་ཀྱི་འགྲེམས་ཁང་ནུབ་མའི་ཐོག་སོ་དང་པོར་ཡིན་པ་དང་འགྲེམས་ཁུལ་གྱི་རྒྱ་ཁྱོན་སྨི་གྲུ་བཞི ༢༡༠ ཡོད་པ་དང་གཡས་གཡོན་གཉིས་སུ་བགོས་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་ལྗོངས་ཀྱི་སྤུས་རྟགས་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཡོད་པ་དང་།  ལྗོངས་ཡོངས་ཀྱི་སྤུས་རྟགས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྔ་རྗེས་སུ་སྤུས་རྟགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་དགོས་མཁོའི་གྲུབ་ཆ་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་བཏོན་པ་དང་།  ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་དམིགས་ནས་མི་ཡུལ་གྱི་གནས་མཆོག་མཁའ་དབྱིངས་ཀྱི་བོད་ལྗོངས་ཞེས་པའི་སྤུས་རྟགས་བཏོད་པ།  ཞིང་འབྲོག་ལས་སྤུས་རྟགས་འཕེལ་རྒྱས་བཏང་བ།  ས་མཐོའི་སྐྱེ་དངོས་སྤུས་རྟགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]