དུས་ཡུན་ཟླ་བ་གསུམ་རིང་གི་ལྷ་སའི་ལྷ་མོའི་འཁྲབ་སྟོན་ནམ་དུས་ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༢ ཉིན།  རང་སྐྱོང་ལྗོངས་རིག་གནས་ཐིང་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།  ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཉེར་འགན་འཁུར་བའི་ལྷ་མོའི་འཁྲབ་སྟོན་ནམ་དུས་ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་འཚོགས་པ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་མོའི་འཁྲབ་སྟོན་ནམ་དུས་ཞེས་པའི་བྱེད་སྒོ་དེ་སྤྱི་ལོ ༢༠༡༨ ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་མུ་འབྲེལ་བྱེད་སྒོའི་གྲས་ཤིག་ཡིན་པ་དང་།  ད་ལོའི་སྤྱི་ཟླ ༥ པའི་ཚེས ༡༢ ནས་སྤྱི་ཟླ ༨ པའི་ཟླ་མཇུག་བར་རེས་གཟའ་སྤེན་པའི་ཉིན་མོར་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་བྱེད་རྒྱུ་རེད།  ལྷ་སའི་རྫོང་༼ ཆུས ༽བརྒྱད་ནས་བདམས་པའི་ཕུལ་བྱུང་ལྷ་མོ་རུ་ཁག་གིས་གཟིགས་མོ་བར་འཁྲབ་སྟོན་ཐེངས ༡༩ བྱེད་རྩིས་ཡོད་པ་དང་འཁྲབ་སྟོན་ནང་ཞུགས་མཁན་དམངས་ཁྲོད་ཀྱི་ལྷ་མོའི་སྒྱུ་རྩལ་པ ༤༥༠ ཡོད།  ཐེངས་འདིའི་བྱེད་སྒོ་ནི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི་གལ་ཆེའི་ཐབས་ཇུས་ཤིག་ཡིན།  ལྷ་ས་གྲོང་ཁྱེར་གྱིས་ཕུལ་བྱུང་སྲོལ་རྒྱུན་ཟློས་གར་ལས་དོན་ལ་རོགས་སྐྱོར་བྱེད་པའི་ཞིབ་ཕྲའི་ལག་ལེན་དང་གནའ་གྲོང་ལྷ་སའི་རིག་གནས་ཡུལ་སྐོར་སྟོན་མོ་གཟབ་རྒྱས་ཤིག་ཀྱང་ཡིན་པས།  ལྷ་མོའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལས་ཀར་གྲུབ་འབྲས་བརྟན་དུ་གཏོང་རྒྱུ་མ་ཟད།  མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་རྒྱུར་གལ་ཆེའི་དོན་སྙིང་ཡང་ལྡན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]