རང་ལྗོངས་ཀྱི་སྒྱུ་རྩལ་མཁས་པས་མེག་སི་ཁོར་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༨ ལོར་མེག་སི་ཁོ་ཀྲུང་གོའི་རིག་གནས་ལྟེ་གནས་ལ་པུའུ་དང་ཞིང་ཆེན་ཁག་གིས་ཁ་གཏད་མཉམ་ལས་བྱེད་རྒྱུའི་སྐོར་གྱི་རིག་གནས་པུའི་འཆར་གཞི་ལག་བསྟར་དོན་འཁྱོལ་བྱེད་ཆེད་དང་།  མེག་སི་ཁོ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་མཛའ་གྲོགས་རིག་གནས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་གདན་ཞུས་ལྟར།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྒྲིག་འཛུགས་བྱས་པའི་བོད་ལྗོངས་བཀྲ་ཤིས་བདེ་ལེགས་ཞེས་པའི་རིག་གནས་སྤེལ་རེས་ཚོགས་པ་མེག་སི་ཁོར་སྐྱོད་དེ།  འཆད་འཁྲིད་དང་བོད་ཀྱི་གླུ་གར་སྦྱོང་བརྡར་སོགས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་བོད་ལྗོངས་སློབ་གྲྭ་ཆེན་མོའི་བདེ་ལྷ་ཚེ་བརྟན་དང་རང་སྐྱོང་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་ཟོའོ་ཡི་ཕུན་ཚོགས་ཡོན་ཏན་རྣམ་གཉིས་ཀྱིས་ཁག་སོ་སོར་མེག་སི་ཁོ་གྲོང་ཁྱེར་འཛམ་གླིང་སྣེ་མང་རིག་གནས་འགྲེམས་སྟོན་ཁང་དང་མེག་སི་ཁོ་མངའ་སྡེའི་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་བོད་རིགས་ཀྱི་རི་མོའི་སྒྱུ་རྩལ་དབྱེ་ཞིབ་ཞེས་པ་དང་བོད་རིགས་ཀྱི་གླུ་གར་སྒྱུ་རྩལ་ཞེས་པའི་འཆད་འཁྲིད་ཐེངས་བཞི་གནང་བ་མ་ཟད།  འཆད་འཁྲིད་ཉན་མཁན་མེག་སི་ཁོའི་མང་ཚོགས་དང་ས་གནས་ས་ཐོག་ཏུ་སྤེལ་རེས་ཀྱང་གནང་བ་རེད།  རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་བསོད་ནམས་བསྟན་འཛིན་གྱིས་བོད་ཀྱི་མི་རིགས་གླུ་གར་གྱི་སྦྱོང་བརྡར་འཛིན་གྲྭ་གཉེར་ནས་རིག་གཞུང་དང་ལག་ལེན་ཟུང་འབྲེལ་བྱས་པ་བརྒྱུད།  བོད་ཀྱི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གླུ་གར་སྒྱུ་རྩལ་མེག་སི་ཁོའི་མང་ཚོགས་ལ་བསླབ་པ་རེད།  ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཁོངས་སུ་བཅུག་པའི་སྐོར་བྲོ་ལ་སློབ་མ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དང་།  སྐོར་བྲོའི་རོལ་དབྱངས་དང་བསྟུན་ནས་སློབ་མ་ཚོས་འཚང་ཁ་ཤིག་ཤིག་ངང་སྐོར་བྲོ་འཁྲབ་སྟེ་སྦྱོང་བརྡར་གྱི་རྣམ་པ་ཧ་ཅང་འཁྲུགས་པོ་བྱུང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]