ཧྥུ་ཅན་ཞིང་ཆེན་བོད་སྐྱོར་རུ་ཁག་གིས་ཆབ་མདོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་ལ་སྐུལ་སྤེལ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཧྥུ་ཅན་ཞིང་ཆེན་བོད་སྐྱོར་རུ་ཁག་གིས་ཐོན་ལས་བོད་སྐྱོར་དེ་དབུལ་སྒྲོལ་ལས་དོན་ལ་སྐུལ་སྤེལ་གཏོང་བའི་གལ་ཆེའི་དམ་འཛིན་བྱེད་སར་རྩིས་ནས།  རུ་མི་ཡོངས་ཀྱིས་ཚོང་འགུག་དང་སྤྱི་ཚོགས་མ་རྩས་བོད་དུ་མ་འཇོགས་ལས་གཉེར་བྱེད་རྒྱུར་ཁྲིད་སྟོན་བྱེད་པ།  རོགས་སྐྱོར་དང་ལེན་ཁུལ་གྱི་ཁེ་ལས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བཟུང་བ་བརྒྱུད།  ཐོན་ལས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་ཆབ་མདོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་ལ་སྐུལ་སྤེལ་གཏོང་བ་དང་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ཡོད།

ཧྥུ་ཅན་བོད་སྐྱོར་རུ་ཁག་ནས་ཆབ་མདོ་གྲོང་ཁྱེར་གྱི་གོང་འཕེལ་དགོས་མཁོར་གཞིགས་ནས་ཚོང་འགུག་མ་འདྲེན་དང་ཐོན་ལས་སྦྲེལ་མཐུད་ལ་སྐུལ་སྤེལ་བཏང་བ་དང་།  ད་བར་ཁྱོན་ཁེ་ལས ༤༠ ནང་འདྲེན་དང་མ་དངུལ་སྒོར་དུང་ཕྱུར ༡༢.༣ ཐོ་འགོད་བྱས་ནས།  སྔ་ཕྱི་བསྡོམས་རྣམ་གྲངས ༢༡ ལ་གན་རྒྱ་བཞག་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར ༦༩.༦ བཏང་ཡོད།  དཔའ་ཤོད་རྫོང་གིས་ཧེ་ལོའོ་ཨར་འདམ་ཚོགས་པ་ནང་འདྲེན་བྱས་ནས་མ་དངུལ་སྒོར་དུང་ཕྱུར ༨ བཏང་སྟེ་ཨར་འདམ་བཟོ་གྲྭ་བཙུགས་བཞིན་ཡོད་པ་དང་།  བཟོ་གྲྭ་དེ་བཙུགས་ཟིན་རྗེས་ལོ་ལྟར་དཔའ་ཤོད་རྫོང་ལ་ཡོང་འབབ་སྒོར་དུང་ཕྱུར ༡.༥ ཡས་མས་ཟིན་རྒྱུ་དང་།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ ༤༠༠ ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་རྒྱུ་མ་ཟད་མང་ཚོགས་ཆིག་སྟོང་ལྷག་ཙམ་གྱི་འབབ་འཕར་ལ་ཡང་སྐུལ་ཁྲིད་ཐུབ་རྒྱུ་རེད། 
མཛོ་སྒང་རྫོང་གིས་ཤཱ་མོན་འཕྲུལ་ཆས་མ་རྐང་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ནས་གཟན་རྩྭ་འདེབས་འཛུགས་རྟེན་གཞི་བཙུགས་ཏེ།  རི་འཁྱར་སྐྱེས་དངོས་འཁོར་སྦྲེལ་རྣམ་གྲངས་ལ་ལད་མོ་བྱས་པ་དང་།  དཔལ་འབར་རྫོང་དུ་ཕན་ཙའེ་ཧང་ཚོགས་པས་དཔལ་འབར་དུ་གླ་བ་གསོ་སྤེལ་རྣམ་གྲངས་ཚོད་ལྟ་ལག་བསྟར་བྱས་ནས།  ཕན་ཙའེ་ཧང་ཚོགས་པས་དཔལ་འབར་གྱི་ཨ་བི་ཁ་དང་ལྕུམ་རྩ་ཉོ་སྒྲུབ་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད། 
ཧྥུ་ཅན་བོད་སྐྱོར་རུ་ཁག་ནས་ད་དུང་ཤཱ་མོན་གྱི་གཞུང་ཁོངས་ཁེ་ལས་གཉེར་སྐྱོང་དོ་དམ་ཤེས་ལྡན་པ་ལྔ་དང་མཐུན་སྦྱོར་བྱས་ནས།  ཁ་གཏད་རོགས་སྐྱོར་བྱེད་ཡུལ་མཛོ་སྒང་རྫོང་གི་གཙང་པོ་གཉིས་དང་ཆུ་བོ་གཅིག་ཞེས་པའི་མ་འཇོག་ཀུང་སིར་གནས་སྦྱར་བྱས་ཏེ།  དེང་རབས་ཁེ་ལས་ལམ་ལུགས་འཛུགས་རོགས་དང་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་ལེགས་སུ་གཏོང་རོགས།  ཀུང་སིའི་གསོག་འཇོག་རྒྱུ་ནོར་རྩིས་བཤེར་བྱེད་རོགས་བཅས་བྱས་ཏེ།  དབུལ་སྐྱོར་གསར་སྤེལ་དང་དབུལ་སྐྱོར་ཐོན་ལས་ཀྱི་རྣམ་གྲངས་ཇུས་འགོད་བྱས་པ་རེད། 
གཞན་ཡང་།  ཧྥུ་ཅན་བོད་སྐྱོར་རུ་ཁག་གིས་ཧྥུ་ཀྲའུ་དང་ཤཱ་མོན།  ཆོན་ཀྲའུ་སོགས་ལ་ཁྱད་ལྡན་ཐོན་ལས་འགྲེམས་ཚོང་དང་ཡུལ་སྐོར་འོས་སྦྱོར།  ཚོང་འགུག་མ་འདྲེན་འབྲེལ་གཏུགས་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འབྲེལ་བའི་ཆབ་མདོའི་གཟུགས་བརྙན་མངོན་པའི་ལྟེ་གནས་བཙུགས་ཏེ།  ཆབ་མདོའི་ཐོན་རྫས་ཧྥུ་ཅན་དུ་ཕྱིར་ཚོང་བྱེད་པའི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]