རང་ལྗོངས་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོའི་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་རེ་ཞུའི་ལས་དོན་སྤེལ་འགོ་ཚུགས་པ་དང་སྤྱི་ཟླ ༥ པའི་ཚེས ༣༡ ཉིན་ལས་དོན་མཇུག་སྒྲིལ་རྒྱུ་རེད།  མི་དོན་འབྲེལ་བ་རང་སྐྱོང་ལྗོངས་སུ་ཡོད་པའི་ཞིབ་འཇུག་པ་ཚང་མས་རང་སྐྱོང་ལྗོངས་ཚན་རྩལ་རྣམ་གྲངས་དོ་དམ་མ་ལག་ནང་འཛུལ་ནས་རེ་ཞུ་ཐོ་འགོད་བྱེད་ཆོག་གི་ཡོད། 
ལོ་འཁོར་འདིའི་རང་སྐྱོང་ལྗོངས་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་དེས་གཙོ་གནད་ཐོག་རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཁོངས་གཏོགས་ཀྱི་རྨང་གཞིའི་ཞིབ་འཇུག་དང་།  ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་དེའི་ནང་བོད་ཀྱི་ཞིང་འབྲོག་ལས་དང་ས་མཐོའི་གསོ་རིག  བོད་ལུགས་གསོ་རིག་དང་བོད་སྨན།  ནུས་ཁུངས་གསར་པའི་ཐོན་ལས་སོགས་གཙོ་གནད་ཁྱབ་ཁོངས ༡༥ ཚུད་ཡོད།  རྣམ་གྲངས་དེས་གཙོ་བོ་གཞི་རིམ་དང་ཚན་རིག་ཞིབ་འཇུག་གི་འཐབ་ས་དང་པོའི་ཚན་རིག་ཞིབ་འཇུག་ཐད་ཉམས་མྱོང་དང་ནུས་པ་ངེས་ཅན་ལྡན་པ་དང་།  གོང་འཕེལ་གྱི་གཏིང་ཤུགས་ལྡན་པའི་གཞོན་ནུ་ཚན་རྩལ་མི་སྣར་མ་དངུལ་རོགས་སྐྱོར་བྱས་ཏེ།  རང་ལྗོངས་ཀྱི་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་རྒྱུ་དང་རང་ལྗོངས་ཀྱི་རང་བྱུང་ཚན་རིག་ཁྱབ་ཁོངས་ཁྲོད་ཀྱི་རང་བདག་གསར་གཏོད་ནུས་པ་མཐོ་རུ་གཏོང་རྒྱུའི་ཆེད་དུ་ཡིན།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]