རང་ལྗོངས་ཀྱིས་བྱ་ཐབས་ནུས་ལྡན་བཟུང་པས་ཡུལ་སྐོར་ཁྲོད་ནས་མང་ཚོགས་ལ་ཕན་པ་ཐོབ་ཤུགས་ཆེ་རུ་ཕྱིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-05-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་ཡུལ་སྐོར་ལས་རིགས་དེ་སྔོ་ལྗང་རི་ཀླུང་རྣམས་གསེར་རི་དངུལ་རི་ལ་བརྩི་བ་དང་།  ཁྱད་ལྡན་དང་རྩེར་སོན།  སྤུས་ལེགས་བཅས་ཀྱིས་ཁྲིད་ཕྱོགས་བྱས་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་གོང་འཕེལ་ནུས་ལྡན་བཏང་སྟེ།  གང་མགྱོགས་འཛམ་གླིང་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཏུ་སྐྲུན་པ་རེད།  དེང་སྐབས་ཡུལ་སྐོར་ལས་རིགས་དེ་རང་ལྗོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་སྐར་ཁུང་གི་ཐོན་ལས་དང་དམངས་ཕྱུག་བོད་དར་གྱི་འདེགས་སྐྱོར་ཐོན་ལས།  བོད་ཀྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་ཐོན་ལས་བཅས་ལ་གྱུར་བཞིན་ཡོད།  དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོ་སྤེལ་ཚུན་གཟིགས་སྐྱོང་བྱ་ཐབས་མང་པོ་བཟུང་བ་བརྒྱུད།  མི་གྲངས་བརྒྱ་ཡན་གྱི་བོགས་ལེན་གནམ་གྲུ་དང་ཆེད་གཏོང་རི་ལི་གཏོང་ཐེངས་མང་དུ་ཕྱིན་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  སྤྱི་ཟླ་དང་པོ་ནས ༤ པའི་བར་རང་ལྗོངས་ཀྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༢༦༦.༧ ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༦༣.༥ འཕར་ནས།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར ༣༥ བྱུང་བ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༦༢.༨ འཕར་བ་དང་།  ལྷ་ས་དང་ཉིང་ཁྲི་སོགས་ཀྱི་གསོལ་མགྲོན་ཁང་གཙོ་བོར་ཆ་སྙོམས་ཞག་སྡོད་བྱེད་ཚད་བརྒྱ་ཆ ༥༠ ལས་བརྒལ་བ་དང་།  དམངས་གཉེར་མགྲོན་ཁང་ལ་ཞག་སྡོད་བྱེད་ཚད་བརྒྱ་ཆ ༨༠ ཡན་བཅས་ཟིན་ནས་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་ཐུབ་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་སྐོར་ཁྲོམ་རའི་འཁོར་རྒྱུགས་བརྟན་པོ་ཡོང་ཆེད་གཞུང་ཁོངས་མཛེས་ལྗོངས་ཁུལ་གཙོ་བོ་ཁག་ཅིག་གི་སྤ་སེ་དང་ཡུལ་སྐོར་མོ་ཊ།  མཁའ་འགྲུལ་བཅས་ཀྱི་གཟིགས་སྐྱོང་བྱ་ཐབས་གཏན་འཁེལ་ཟིན་པའི་དུས་བཀག་དེ་སྤྱི་ཟླ ༦ པའི་ཚེས ༣༠ ཉིན་བར་ནར་འགྱངས་བྱེད་རྒྱུའི་ཞིབ་འཇུག་གཏན་འབེབས་བྱས་པ་རེད།  ད་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཉིན་གཅིག་ལ་འཁེལ་བས་ལྷ་སའི་ཡུལ་སྐོར་སྣེ་ལེན་ཁང་ཁག་གིས་བོད་ཀྱི་ལོ་གསར་རིང་གི་ཡུལ་སྐོར་ལམ་ཐིག་བཏོན་པའི་ནང་བོད་པའི་ཁྱིམ་དུ་སྐྱོད་དེ་དགུ་ཐུག་བཏུངས་བ་དང་བོད་ཟས་ཞིམ་པོའི་བྲོ་བ་མྱོང་བ་སོགས་བྱས་པས་ཡུལ་སྐོར་བ་ཚོས་བོད་ཀྱི་རིག་གནས་མྱོང་རོལ་ཐུབ་པ་མ་ཟད།  ས་ཆ་དེ་གའི་མང་ཚོགས་དང་བརྩེ་བ་ཟབ་ཏུ་ཕྱིན་ཡོད།

ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་ཡུལ་སྐོར་གོང་འཕེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཟུང་འབྲེལ་བྱས་ནས།  བོད་ཀྱི་སྔོ་ལྗང་རི་ཀླུང་ལ་སྲུང་སྐྱོབ་བྱེད་པ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་ལ་གསེར་རི་དངུལ་རི་འཛིན་པའི་འདུ་ཤེས་གཏོད་པ་རེད།  སྤྱི་ལོ ༢༠༡༧ ལོར་རང་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༢༥༦༡ ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར ༣༧༩ བྱུང་བ་དང་།  ཞིང་འབྲོག་མང་ཚོགས་ཀྱི་མི་གྲངས་ཁྲི་ཚོ ༡༢.༥ ལ་ཡུལ་སྐོར་ཁྲོད་ནས་ཕན་པ་ཐོབ་སྟེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར ༡༢༠༠༠ ཟིན་ཏེ་དབུལ་ཕོངས་མི་འབོར༣༠༠༠༠ ཙམ་དབུལ་གྲོལ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]