རང་ལྗོངས་ཀྱིས་གསར་འགྱུར་གླེང་ཕྱོགས་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-06-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༦ པའི་ཚེས ༡༣ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་རིག་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་སྐོང་ཚོགས་གནང་ནས།  བོད་སྡོད་ཀྲུང་དབྱང་སྨྱན་སྦྱོར་ཚན་པ་དང་རང་སྐྱོང་ལྗོངས་ཀྱི་སྨྱན་སྦྱོར་ཚན་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ནས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད།  ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཡང་ཞིབ་འཇུག་གནང་བ་དང་།  འབྲེལ་ཡོད་སྨྱན་སྦྱོར་ཚན་པའི་འགན་ཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

སྤེན་པ་བཀྲ་ཤིས་ནས་ལྗོངས་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་གསར་འགྱུར་ཇུས་འགོད་དང་ཁུངས་སྣེ་ཤེས་རྟོགས།  གཏོང་སྤེལ་བྱེད་སྟངས་བཅས་ཀྱི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ།  གསར་འགྱུར་དྲིལ་བསྒྲགས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་།  གཞི་རིམ་དང་འཚོ་བ།  མང་ཚོགས་བཅས་ཁྲོད་ཟབ་སྐྱོད་བྱས་ནས་འཛམ་གླིང་ཡང་རྩེར་བོད་ལྗོངས་གོང་འཕེལ་ཡར་ཐོན་ཁྲོད་ངོ་གནོང་མི་དགོས་པའི་དུས་རབས་ཀྱི་བརྩམས་བྱ་མང་པོ་རྩོམ་འབྲི་བྱེད་དགོས་པ།  ཆ་འཕྲིན་ཅན་དུས་རབས་ཀྱི་གོང་འཕེལ་དགོས་མཁོ་དང་འཚམས་པ་བྱེད་པ་དང་སྲོལ་རྒྱུན་གཙོ་རྒྱུན་སྨྱན་སྦྱོར་མཉམ་འདྲེས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ།  རྣམ་གསར་གཙོ་རྒྱུན་སྨྱན་སྦྱོར་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ།  སྨྱན་སྦྱོར་ཁག་དབར་གྱི་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ།  རང་ལྗོངས་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]