རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་འགྲོ་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༧ ལོའི་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ཚད་ཀྲོན་ཁྲི་ཚོ ༨༠ ཙམ་ཟིན་པ་དང་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༥.༧༩ ཟིན་ནས་རང་བྱུང་འཐུང་ཆུའི་ཐོན་ལས་སྐྱོན་བྲལ་ངང་གོང་འཕེལ་མགྱོགས་པོ་འགྲོ་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་སྟེ།  རང་ལྗོངས་ཀྱི་གོང་འཕེལ་གཏིང་ཤུགས་ཆེ་བའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་གྲས་སུ་གྱུར་ཡོད།
ངོ་སྤྲོད་གནང་བར་གཞིགས་ན།  ད་བར་རང་ལྗོངས་སུ་རང་བྱུང་འཐུང་ཆུ་ཐོན་སྐྱེད་བྱེད་མཁན་ཁེ་ལས ༣༥ ཡོད་པའི་ནང་གཞི་ཁྱོན་ཡན་གྱི་ཁེ་ལས ༦ ཡོད་དེ་ལྷ་སས་ལྟེ་བ་བྱེད་པ་དང་གྲོང་ཁྱེར༼ས་ཁུལ༽གཞན་དག་ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་པའི་ཐོན་ལས་གོང་འཕེལ་གྱི་རྣམ་པ་ཞིག་ཆགས་ཡོད་པ་དང་།  ཐོན་སྐྱེད་ཁུལ ༤༠ ལྷག་ཙམ་སྐྲུན་ཟིན་ནས་ཇུས་འགོད་ཀྱི་སྤྱིའི་ཐོན་ནུས་ཀྲོན་ཁྲི་ཚོ ༤༠༠ ཟིན་ཞིང་ལས་རིགས་སྤྱི་ཡོངས་ཀྱི་ཐོན་སྐྱེད་ལག་རྩལ་དང་བཟོ་རྩལ་གྱི་ཚད་གཞི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད།  རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་ལ་ཀྲུང་གོའི་ཀུན་གྲགས་ཚོང་རྟགས ༡ དང་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས ༢ ཡོད་པས་ཚོང་རྟགས་སྐྱེད་བསྲིང་ཐད་ཕན་འབྲས་རགས་ཙམ་ཐོན་ཡོད།
འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་གནང་བར་གཞིགས་ན།  ཐོན་རྫས་རིན་ཐང་དང་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྦྲགས་རང་བྱུང་འཐུང་ཆུའི་ཐོན་ལས་དེས་བོད་ཀྱི་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་བཞིན་ཡོད།  རགས་རྩིས་ལ་གཞིགས་ན།  ལྗོངས་ཡོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་བརྒྱུད་མི ༥༠༠༠ ལྷག་ཙམ་ཐད་ཀར་ལས་ཞུགས་ཐུབ་པ་དང་མི ༢༠༠༠༠ ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]