རང་ལྗོངས་ཀྱིས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཆེད་དོན་ཚོགས་འདུ་སྐོང་འཚོགས་གནང་ནས་ཚེ་གང་གི་ལས་རིགས་རྩལ་ནུས་སྦྱོང་བརྡར་ལམ་ལུགས་འཛུགས་པ་དང་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར་དང་།  སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་འབྲེལ་ཡོད་བྱ་བར་གྲོས་ཞིབ་གནང་བ་རེད།
ཀྲོང་ཡན་ནས།  སློབ་ཆེན་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱེད་པའི་ལས་དོན་སྤེལ་བ་དེས་རང་ལྗོངས་ཀྱི་ལས་བྱེད་དཔུང་ཁག་གི་གྲུབ་ཆ་ལེགས་འགྱུར་དང་ལས་ཞུགས་གནོན་ཤུགས་ཆུང་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ།  མི་རིགས་ཁག་དབར་འོ་ཆུ་གཅིག་འདྲེས་ལྟ་བུའི་རྣམ་པ་བཟང་པོ་ཆགས་རྒྱུར་ཡང་ཕན་ཐོགས་ཡོད་པ་དང་བྱ་བ་དེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དང་མི་རིགས་ཁག་དབར་འགྲོ་འོངས་སྤེལ་རེས་དང་མཉམ་འདྲེས།  གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་བཅས་ཡོང་རྒྱུ་དང་འབྲེལ་བ་ཡོད་པས་རིམ་ཁག་ཚན་པ་ཁག་གིས་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།  སློབ་ཆེན་སློབ་ཐོན་སློབ་མ་སྲིད་གཞུང་ལ་བརྟེན་ནས་ལས་ཞུགས་བྱེད་པ་དང་ཁྲོམ་རར་བརྟེན་ནས་ལས་ཞུགས་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས།  སློབ་ཆེན་ཐོན་པའི་སློབ་མ་ཐབས་ལམ་སྣ་ཚོགས་བརྒྱུད་ལས་ཞུགས་ཐུབ་པ་དང་ལྗོངས་ཡོངས་ཀྱི་ལས་ཞུགས་དུས་བབ་རྒྱུན་མཐུན་བརྟན་པོ་ཡོང་བ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་དང་སྦྲགས།  ལྗོངས་ནང་ཁུལ་གྱི་ལས་ཞུགས་དང་ལྗོངས་ཕྱིའི་ལས་ཞུགས་ཀྱི་འབྲེལ་བ་ཁོང་དུ་ཆུད་པ་བྱས་ཏེ་འབད་འཐབ་ཁ་ཕྱོགས་གཙོ་བོ་གསལ་པོ་བཟོ་བ་དང་ལས་ཀའི་བྱ་ཐབས་ནན་དུ་གཏོང་བ།  ལས་ཀའི་འགན་འཁྲི་ཆེ་རུ་གཏོང་བ།  ཡིག་རྒྱུགས་དང་ལས་མི་བསྡུ་བའི་ལས་ཀར་དམ་འཛིན་བྱེད་པ།  ལས་ཞུགས་བོད་སྐྱོར་ལ་སྐུལ་སྤེལ་གཏོང་བ།  དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཀྲོང་ཡན་ནས།  རིམ་ཁག་ཚན་པ་ཁག་གིས་ལེགས་ཆ་འདོན་སྤེལ་དང་ཆད་སྐྱོན་གསབ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ།  རྒྱལ་ནང་གི་ཚད་གཞིའི་ཆུ་ཚད་ལྡན་པ་དང་བོད་ཀྱི་གོང་འཕེལ་ཁྱད་ཆོས་དང་འཚམས་པའི་ཚེ་གང་ལས་རིགས་རྩལ་ནུས་སྦྱོང་བརྡར་མ་ལག་ཧུར་ཐག་འཛུགས་དགོས་པ་དང་།  ལག་བསྟར་བསམ་འཆར་དོན་འཁྱོལ་ཧུར་ཐག་བྱས་ནས་ལས་ཀའི་སྒྲིག་གཞི་ལམ་སྲོལ་ལེགས་སྒྲིག་བྱེད་པ་དང་སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ།  ལས་ཀའི་འགན་འཁྲི་དོན་འཁྱོལ་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་ལས་རིགས་རྩལ་ནུས་སྦྱོང་བརྡར་ལས་ཀར་གྲུབ་འབྲས་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]