བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་དེས་ཆེད་ལས་ལག་རྩལ་མི་སྣ༡༠༨༠ལ་སྦྱོང་བརྡར་སྤྲད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  མི་སྤྱི་པུའུ་དང་རྒྱལ་ཁབ་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་།  ཞིང་ལས་གྲོང་གསེབ་པུའུ།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་ལས་གྲུབ་པའི་བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་གྱི་ཆེད་ལས་མཁས་དབང་གི་ཞབས་ཞུ་ཚོགས་པས་ལྷ་སར་བོད་ཀྱི་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་མི་སྤྱི་པུའི་མཐུན་སྦྱོར་ཧུར་ཐག་དང་རྒྱབ་སྐྱོར་ཤུགས་ཆེན་འོག  བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་ཀར་འཕེལ་རིམ་གལ་ཆེན་དང་གྲུབ་འབྲས་ཆེན་པོ་ཐོབ་ཏེ་རང་ལྗོངས་ལ་བྱང་ཚད་མཐོ་བའི་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་རྐང་འཛིན་པ ༡༠༨༠ གསོ་སྐྱོང་ཐུབ་ནས།  བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་མཛུབ་སྟོན་གནང་ཡོད།

ཚོགས་འདུའི་ཐོག  ཚོགས་འདུ་གྲོལ་རྗེས་ཚོགས་ཞུགས་པ་ཚོས་བཏོན་པའི་སློབ་མ་གསོ་སྐྱོང་གི་གནད་འཕིགས་རང་བཞིན་དང་གསོ་སྐྱོང་གི་གྲོན་དངུལ་དང་གཞི་ཁྱོན།  སློབ་མ་འདེམས་མངག་ལས་ཀའི་དམིགས་སའི་རང་བཞིན།  དམིགས་བསལ་གསོ་སྐྱོང་གི་འབྲེལ་ཡོད་ཚན་པ་དང་འབྲེལ་གཏུག་མཐུན་སྦྱོར།  དམིགས་བསལ་གསོ་སྐྱོང་ལས་ཀའི་དོ་དམ་དང་ཞབས་ཞུའི་ཆུ་ཚད་སོགས་ཐད་ཀྱི་གྲོས་འགོ་དང་གནད་དོན་ཐད་དབྱེ་ཞིབ་ཞིབ་འཇུག་ནན་ཏན་བྱེད་དགོས་པ་དང་།  འབྲེལ་ཡོད་ཚན་པས་དུས་སང་ངེས་པར་དུ་ཁག་གསུམ་པའི་བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་ཡོད།།
ཤེས་རྟོགས་བྱུང་བར་གཞིགས་ན།  བོད་ཀྱི་དམིགས་བསལ་གསོ་སྐྱོང་ལས་དོན་དེ་སྤྱི་ལོ ༢༠༠༩ ལོར་དངོས་སུ་སྤེལ་འགོ་ཚུགས་པ་དང་།  ད་བར་སྔ་ཕྱི་བསྡོམས་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན།  ལས་གཞི།  རིག་གནས་སོགས་ཀྱི་འབྲེལ་ཡོད་ཆེད་ལས་ལག་རྩལ་མི་སྣ ༡༠༨༠ ལ་སྦྱོང་བརྡར་སྤྲད་པ་དང་།  འབྲེལ་ཡོད་ཆེད་ལས་ལག་རྩལ་མི་སྣ ༡༢༠ ཡི་དམིགས་བསལ་གསོ་སྐྱོང་ལས་འགན་ལེགས་སྒྲུབ་ཐུབ་གྲབས་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]