ཆབ་མདོ་གྲོང་ཁྱེར་གྱིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ལོ ༢༠༡༨ ལོའི་ལས་ཞུགས་ལས་དོན་དང་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཀྱི་མཉམ་ཞུགས་ཚོགས་འདུ་འཚོགས་ཏེ།  སྤྱི་ལོ ༢༠༡༨ ལོའི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག  འབྲེལ་ཡོད་ཚན་པས་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་ལས་ཞུགས་ཧུར་ཐག་བྱེད་པའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ།  ལས་ཞུགས་ལས་གནས་གསར་སྤེལ་ཤུགས་ཆེན་བྱེད་པ་དང་ལས་ཞུགས་ལས་གཏོད་ཀྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས།  སྤྱི་ལོ ༢༠༡༨ ལོའི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་སྒྲུབ་ནས།  ཆབ་མདོ་གྲོང་ཁྱེར་གྱི་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་གྲོང་ཁྱེར་དུ་ཐོ་འགོད་བྱས་པའི་ཐེམ་ཁོངས་ཆབ་མདོ་ནས་ཡིན་པའི་སློབ་ཆེན་སློབ་མ ༢༢༩༥ ཡོད་པའི་ནང་སྤྱི་ཟླ ༦ པའི་ཟླ་མཇུག་བར་མི ༦༡༦ ལས་ཞུགས་ཐུབ་ནས་ཐོག་མའི་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༢༦.༨༤ ཟིན་གྱི་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]