དྲི་ཟའི་དབྱངས་ཀྱི་རླུང་འཕྲིན་དམངས་གཞས་འགྲན་བསྡུར་སྐབས༣པའི་བྱ་དགའ་སྤྲོད་པའི་མཛད་སྒོ་བྲག་གསུམ་མཚོ་འགྲམ་དུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-08-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༨ པའི་ཚེས ༡༧ ཉིན།  རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུད་ཀྱིས་གཙོ་གཉེར་བྱས་པ་དང་།  རང་སྐྱོང་ལྗོངས་བོད་སྐད་ཡིག་དྲིལ་བསྒྲགས་དོ་དམ་གཞུང་ལས་ཁང་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་གཉེར་འགན་འཁུར་བའི་དྲི་ཟའི་དབྱངས་ཀྱི་རླུང་འཕྲིན་དམངས་གཞས་འགྲན་བསྡུར་སྐབས་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་ཀོང་པོ་རྒྱ་མདའ་རྗོང་བྲག་གསུམ་མཚོའི་འགྲམ་དུ་འཚོགས་པ་རེད།

མཛད་སྒོའི་ཐོག་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུད་ཀྱི་ཅུད་ཀྲང་གཞོན་པ། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཏོན་ཧྲེང་ཆན་གྱིས་ཤིས་ཚིག་སྒྲོན་པ་དང་།  རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུད། ཉིང་ཁྲི་གྲོང་ཁྱེར། ཀོང་པོ་རྒྱ་མདའ་རྫོང་བཅས་ཀྱི་འབྲེལ་ཡོད་དབུ་ཁྲིད་མཛད་སྒོར་ཕེབས་པ་མ་ཟད་བྱ་དགའ་ཐོབ་མཁན་ལ་བྱ་དགའི་ལག་ཁྱེར་སྤྲད་གནང་བ་རེད།  

སྐབས་འདིའི་བྱ་དགའ་སྤྲོད་པའི་མཛད་སྒོའི་གནས་ཚུལ་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་གསུམ་བརྒྱུད་ནས་ཐད་གཏོང་བྱས་པ་མ་ཟད།  ཀྲུང་གོའི་བོད་ལྗོངས་འཕྲིན་དྲ་དང་དྲི་ཟའི་དབྱངས་ཞེས་པའི་སྐད་འཕྲིན་སྤྱི་སྟེགས།  བོད་ལྗོངས་རླུང་འཕྲིན་སྐད་འཕྲིན་སྤྱི་སྟེགས་བཅས་བརྒྱུད་ནས་ཐད་གཏོང་བྱས་པ་རེད།   
སྐབས་འདིའི་དམངས་གཞས་འགྲན་བསྡུར་ཐོག་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཁྲ་རིང་ཤང་གི་ཕུར་བུ་སྒྲོལ་མ་དང་ཆོས་སྐྱིད་གཉིས་ཀྱིས་བཏང་གནང་བའི་ཤར་གྱི་རི་ཞེས་པར་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]