སྤེན་པ་བཀྲ་ཤིས་ཀྱིས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་གསར་འགྱུར་སྨྱན་སྦྱོར་ལས་དོན་པར་འཚམ་འདྲི་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-10-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སུ་ཕེབས་ནས་དུས་ཆེན་རིང་ལས་གནས་བརྟན་སྲུང་བྱེད་མཁན་སྨྱན་སྦྱོར་ལས་དོན་པར་གཟིགས་གནང་བ་དང་།  ཁོང་ཚོ་བརྒྱུད་འཐབ་ས་དང་པོར་ལས་ཀ་བྱེད་བཞིན་པའི་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་དོན་པར་གུས་འདུད་ཞུས་གནང་བ་དང་དུས་ཆེན་གྱི་རྟེན་འབྲེལ་ཞུས་གནང་བ་མ་ཟད།  གསར་འགྱུར་ལས་དོན་པ་དང་སྤེལ་རེས་ཞུགས་མོལ་གནང་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

སྤེན་པ་བཀྲ་ཤིས་ནས་རྒྱ་ཆེའི་གསར་འགྱུར་འཐབ་ཕྱོགས་ཀྱིས་བསྒྱུར་བཅོས་གསར་གཏོད་ཐོག་ནས་གཙོ་རྒྱུན་གླེང་ཕྱོགས་སྤེལ་ཤུགས་ཆེ་རུ་གཏོང་བ་དང་།  བརྗོད་དོན་གཙོ་བོ་དང་གྲུབ་འབྲས།  དུས་བབས།  དཔེ་མཚོན་བཅས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་སྟེ།  གསར་འགྱུར་གཏོང་སྤེལ་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]