སློབ་སྦྱོང་གཉིས་ཀྱི་རྨང་གཞི་བརྟན་པོ་བཏིང་ནས་ཚད་ལོན་གཅིག་གི་སྒུལ་ཤུགས་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-10-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱིས་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བཞིན་ཡོད་པས།  འདི་ལོ་ནས་བཟུང་རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་གཅིག་འདོམས་སུ་བྱས་ཏེ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།  དེ་བཞིན་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ།  སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོའི་དམ་འཛིན་བྱེད་གཞི་གལ་ཆེན་དེར་བརྟེན་ནས་ཆབ་སྲིད་སྒྲིག་ཁྲིམས་ཀྱི་སློབ་གསོ་རྒྱག་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་མིག་དཔེ་གསུམ་བྱ་རྒྱུའི་བརྩོན་ལེན་བྱེད་པ་དང་།  དཔེ་བཟང་ལས་ཁུངས་སྐྲུན་རྒྱུ་གོ་སྐབས་སུ་བྱས་ཏེ་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག་ཐབས་བཟང་གསུམ་ལྡན་གྱི་ཕྱི་ནང་མཉམ་བཅོས་ལ་བརྟེན་ནས།  ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ལས་སྒོ་དང་མཉམ་འདྲེས་གཏིང་ཟབ་བྱེད་པའི་ལས་སྒོར་སྐུལ་འདེད་བཏང་བ་མ་ཟད།  ཏང་འཛུགས་སྐྱོང་དང་ལས་དོན་ཁག་ལ་ཕན་འབྲས་ཟམ་མི་ཆད་པར་ཐོན་པའི་འགན་ལེན་ཡང་བྱས་ཡོད།

རྩ་བ་འཛུགས་པ་དང་བླ་སྲོག་བཏོད་དེ་སློབ་སྦྱོང་གི་སྤུས་ཚད་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད།  སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་གཏན་དང་མཉམ་འདྲེས་ཅན་དུ་གྱུར་བ་བྱས་ནས་རྟག་ཏུ་དམ་འཛིན་བྱས་ཏེ།  ཏང་ཡོན་ལས་བྱེད་པའི་ཆབ་སྲིད་བྱང་ཚད་མཐོ་རུ་གཏོང་གང་ཐུབ་དང་བློ་བརྟན་འགྱུར་མེད་ངང་ཏང་གཤིས་ལ་ཞུན་བརྡར་བྱེད་ཀྱི་ཡོད།  ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཚན་ཁག་གིས་རང་དཔེ་གཞན་སྟོན་གྱིས་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་སློབ་སྦྱོང་།  རང་སྦྱོང་སོགས་བྱེད་ཐབས་རྒྱ་ཁྱབ་ངང་སྤྱད་ནས་འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡང་དག་བྱེད་པའི་རྩ་བའི་བྱེད་ཐབས་ཁོང་དུ་བརྟན་པོ་ཆུད་པ་བྱེད་དགོས་ཞེས་པ་དང་།  ཆབ་སྲིད་སྒྲིག་ཁྲིམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ལག་བསྟར་ཞིབ་སྲོལ་ཞེས་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་བྱེད་ཐབས་སོགས་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་སོགས་ནང་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཡོད།  རིམ་རྩིས་བརྒྱབ་ན་ཏང་རྩ་འཛུགས་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཐེངས ༨ སྒྲིག་འཛུགས་བྱས་པར་ཏང་ཙུའི་ཚན་ཁག་གི་ཁོངས་མི་ཐེངས ༢༩ ཞུགས་པ་དང་།  སྤེལ་རེས་གཏམ་བཤད་ཐེངས ༦ བྱས་པར་ཏང་ཡོན་ལས་བྱེད་པ ༣༢༠ ལྷག་ཙམ་ཞུགས་ཡོད།  ཏང་ཀྲི་པུའུ་ཁག་ནས་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བའི་དེབ་དང་པོ་དང་གཉིས་པ།  དེ་བཞིན་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་རབ་དང་རིམ་པའི་སྒྲིག་ཁྲིམས་བླང་བྱ་སོགས་ནང་དོན་ལ་སློབ་སྦྱོང་ཐེངས ༣༠ ལྷག་ཙམ་བྱས་པ་དང་།  སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་གི་གསར་འགྱུར་གནད་བསྡུས་ཐེངས ༢༠ བྲིས་པ།  ཏང་ཙུའི་ཚན་ཁག་གི་ཁོངས་མིས་ཏང་ཡོན་དཀྱུས་མའི་ཐོབ་ཐང་ཐོག་ནས་ཀྲི་པུའུ་ཡི་སློབ་སྦྱོང་ཐེངས ༡༠ ལ་ཞུགས་པ།  སྤེལ་རེས་གཏམ་བཤད་ཐེངས ༤ བྱས་པ་བཅས་རེད།

སློབ་སྦྱོང་ལ་བརྟེན་ནས་ཚད་ལོན་ལ་སྐུལ་འདེད་བཏང་སྟེ་ཚད་ལོན་གྱི་ཕན་འབྲས་ཆེ་རུ་བཏང་བ།  སློབ་སྦྱོང་ལ་བརྟེན་ནས་ཚད་ལོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཐོག་ཤེས་སྦྱོར་གཅིག་མཐུན་བྱས་ནས་ཚད་ལོན་གྱི་འགག་རྩ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཡོད།  ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཏང་ཨུད་བདེ་ཐང་དྲག་སྐྱེད་ལྟེ་གནས་ཀྱི་ཀྲི་པུའི་ཏང་ཡོན་ནས།  རང་ངོས་ཀྱི་ཆེད་ལས་ལེགས་ཆ་འདོན་སྤེལ་བྱས་ནས་བདེ་ཐང་དྲག་སྐྱེད་འཇོན་ཐང་ཅན་སྐོང་འཐེན་བྱས་ཏེ།  གྲལ་བཤེར་ཚོགས་ཆུང་བཙུགས་ནས་སྡེ་ཁུལ་དུ་བསྐྱོད་དེ་འོས་འགན་ངང་གཞོགས་འདེགས་ཡོ་བྱད་སྒྲིག་སྦྱོར་དང་བདེ་ཐང་དྲག་སྐྱེད་བློ་འདྲིའི་ཞབས་ཞུ་བྱས་པ་རེད།  ཀྲི་པུའུ་ཡིས་ཏང་ཡོན་གྱི་གཅེས་སེམས་ཐེབས་རྩ་སྤྱད་དེ་ཚེས་གསུམ་ཐང་སྡེ་ཁུལ་གྱི་དབང་སྐྱོན་ཁྱིམ་ཚང་དབུལ་པོ ༡༠ ལ་སྒོར ༥༠༠༠ རི་བའི་རས་གདན་དང་།  ཕོ་ཁེབས་ཀྱི་རྒྱབ་ཤ།  ཆུ་ཚ་པོ་བཟོ་སྣོད་སོགས་འཚོ་བའི་མཁོ་ཆས་སྤྲད་དེ་དབང་སྐྱོན་མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་པ་མ་ཟད་ཁོང་ཚོར་ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་སྤྲོ་སྣང་ལྡན་པའི་འཚོ་བ་སྐྱེལ་བ་དང་ཡིད་ཆེས་ཀྱིས་ཁེངས་པ་བྱེད་དགོས་པའི་བསྔགས་བྱ་ཡང་བྱས་པ་རེད།

འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ་དག་ཐེར་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་བ།  ཚད་ལོན་དང་དག་ཐེར་ལ་ཤུགས་བརྒྱབ་སྟེ་གནད་དོན་ཟམ་མི་ཆད་པར་ཤེས་རྟོགས་དང་ཐག་གཅོད་བྱས་ནས་དངོས་ཕན་ཐོན་པ་བྱས་ཡོད།  རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་བས།  འདི་ལོ་ནས་བཟུང་ང་ཚོས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ལས་འགན་གལ་ཆེན་ལ་བརྩིས་ནས།  ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་ས་ཆ་མི་འདྲ་བ་དང་དུས་མཚམས་མི་འདྲ་བ།  རིམ་པ་མི་འདྲ་བ།  སློབ་རྒྱུས་མི་འདྲ་བ།  ལོ་ན་མི་འདྲ་བ་བཅས་ཀྱི་ཏང་ཡོན་གྱི་དོན་དངོས་ལ་དམིགས་ནས་ལས་འགན་ཞིབ་ཕྲ་ཅན་དང་།  ཚད་གཞི་ཅན།  ཧེ་བག་ཅན་བཅས་སུ་འགྱུར་བ་བྱས་ནས་ཡུལ་བབ་དང་བསྟུན་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ།  ཚད་ལོན་དང་དག་ཐེར་ལ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་གནད་དོན་ཟམ་མི་ཆད་པར་ཤེས་རྟོགས་དང་ཐག་གཅོད་བྱས་ཐོག་དངོས་ཕན་ཐོན་པ་བྱས་ཡོད།  སྤྱི་ལོ ༢༠༡༧ ལོར་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་བརྟག་དཔྱད་སྙན་ཞུ་བཀྲམ་རྗེས་བརྟག་ཞིབ་ཁྲོད་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དམིགས་ནས་ཞིབ་འཇུག་བཀོད་སྒྲིག་ནན་ཏན་དང་སྔར་བས་རང་བཤེར་རང་བཅོས།  རྒྱུ་རྐྱེན་དབྱེ་ཞིབ་གཏིང་ཟབ།  དག་ཐེར་ཧུར་ཐག་བཅས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  དགོས་པའི་ལས་ཀ་མི་བྱེད་པར་སྒྱིད་ལུག་ཏུ་ལུས་པ་དང་།  ཡིག་ཆ་དང་ཚོགས་འདུ་མང་བ་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་དག་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུར་མཐོང་ཆེན་བྱས་ཏེ།  ཇུས་གཞི་དང་ཡིག་ཚགས།  གཱ་སོགས་བཟོ་དགོས་པའི་བླང་བྱར་གཞིགས་ནས་དོན་ཚན་རེ་རེ་བཞིན་དག་ཐེར་བྱས་པ་དང་ཆབས་ཅིག་སྤྱོད་གོ་ཆོད་པའི་དག་ཐེར་ཇུས་གཞི་དང་བྱེད་ཐབས་བཟོས་ནས།  འཕྲོ་ལུས་གནད་དོན་ཕྱོགས་ཡོངས་ནས་དག་ཐེར་དཔྱིས་ཕྱིན་པ་བྱས་ཐོག་དག་ཐེར་དོན་འཁྱོལ་བྱེད་རྒྱུ་གནད་ལ་འཁེལ་བ་འགན་ལེན་བྱས་ཡོད་ཅེས་བཤད་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]