རང་ལྗོངས་ཀྱི་རིམ་ཁག་ཚན་པ་ཁག་ནས་ཞི་ཅིན་ཕིང་གི་བཀའ་བཀོད་ཁག་དོན་དངོས་ལས་ཀའི་ནང་ལག་བསྟར་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-10-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར།  རང་ལྗོངས་ཀྱི་རིམ་ཁག་ཚན་པ་ཁག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་མཛུབ་ཁྲིད་བྱེད་པ།  ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་བམ་པོ་དང་པོ་དང་གཉིས་པས་ཀློག་དེབ་གཙོ་བོ་བྱས་ཏེ་གོ་བ་ལོན་པ་དང་ཁོང་དུ་ཆུད་པ།  དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས།  སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་རྒྱུར་སྐུལ་འདེད་བཏང་ཡོད། 
ལྷོ་ཁ་གྲོང་ཁྱེར་རིམ་ཁག་ཚན་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་སྣེ་འཁྲིད་དེ་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ།  རྩ་བའི་རིགས་པ་ཁོང་དུ་ཆུད་པ་བཅས་ཀྱི་ཐད་མིག་དཔེ་སྟོན་པས།  ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་བམ་པོ་དང་པོ་དང་གཉིས་པ་སློབ་སྦྱོང་བྱེད་པའི་ཚ་རླབས་རྒྱུན་མཐུད་འཕྱུར་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།  ལྷོ་ཁ་གྲོང་ཁྱེར་གྱིས་ཞིབ་བཤེར་ཚོགས་ཆུང་བཏང་ནས་རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡི་རིག་གཞུང་ལྟེ་བའི་ཚོགས་ཆུང་ནས།  ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་བམ་པོ་དང་པོ་དང་གཉིས་པ་སློབ་སྦྱོང་བྱེད་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་མ་ཟད།  ཤེས་རྟོགས་བྱུང་བའི་གནད་དོན་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་སྤུས་འབྲས་ལེགས་གཏོང་བྱེད་སྟངས་དང་བྱ་ཐབས་ཞིབ་འཇུག་བྱས་པ་རེད། 
བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་ཕྱོགས་ཡོངས་སློབ་སྦྱོང་དང་ཆེད་དོན་སློབ་སྦྱོང་།  སློབ་སྦྱོང་གནད་འཕིགས་བཅས་ཟུང་འབྲེལ་གྱི་བྱེད་སྟངས་རྒྱུན་འཁྱོངས་བྱས་ནས།  ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་བམ་པོ་དང་པོ་དང་གཉིས་པ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ་བྱས་པ་རེད།  བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཚོགས་གཙོ་གཞོན་པ་ཝང་ཇོན་ཕིང་གིས་གསར་འགོད་པར།  ང་ཚོས་བོད་དུ་སྤྱི་ཚོགས་རིང་ལུགས་རིག་གནས་ཀྱི་འཐབ་ས་གཙོ་བོ་བརྟན་སྲུང་བྱས་ཏེ་བཅིངས་འགྲོལ་བཅིངས་འགྲོལ་ཞེས་པ་དང་ཐུན་མོང་གི་ཁྱིམ་གཞིས་ཞེས་པ་སོགས་དང་འདྲ་བའི།  མི་རིགས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་རིག་རྩལ་བརྩམས་བྱ་རྩེ་གྲ་དེ་བས་མང་བ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད། 
ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པར་སློབ་སྦྱོང་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ནས་སློབ་སྦྱོང་དེ་ཁྲལ་སེལ་སླ་བཅོས་དང་ཕྱི་ཚུལ་ཙམ་དུ་མི་འགྱུར་བ་བྱ་ཆེད།  པ་སྣམ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་དེ་ཞིབ་ཕྲའི་མི་སྣ་དང་བྱ་བའི་ཐོག་དོན་འཁྱོལ་ཏན་ཏིག་བྱས་ནས་ས་བཅད་དང་དུམ་བུ་རེ་རེ་བཞིན་ལྟ་ཀློག་བྱས་ཐོག  སེམས་ལ་བརྟན་པོ་ཟུག་པ་བྱས་ཏེ།  སློབ་སྦྱོང་གི་ཕན་འབྲས་དེ་དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ནུས་པར་འགྱུར་བ་བྱས་པ་དང་ཆབས་ཅིག  ཀྲི་པུའུ་ཡི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་གཞི་རིམ་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་སོགས་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས།  ཏང་ཡོན་ཚང་མས་ཏང་ཡོན་གྱི་ཚད་གཞི་གཞིར་བཟུང་ཀྲི་པུའི་ཚོགས་འདུའི་ཐོག་སྤེལ་རེས་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ།  ཕན་ཚུན་བསམ་འཆར་དང་གྲོས་འགོ་འདོན་རེས་བཅས་བྱས་ཏེ།  ཏང་ཡོན་གྱི་ནོར་འཁྲུལ་ཡོ་བསྲང་དང་དད་སེམས་བརྟན་དུ་གཏོང་རོགས་བྱས་ནས་ཏང་གཤིས་བློ་སྦྱོང་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]