ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་པད་དགེ་གྲོང་ཚོའི༡༠པའི༡༡ཉིན་གྱི་རི་རུད་ཐོན་སར་སླར་ཡང་རི་ཉིལ་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-11-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༡ པའི་ཚེས ༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད ༥ དང་སྐར་མ ༤༠ ཙམ་ལ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་པད་དགེ་གྲོང་ཚོའི ༡༠ པའི ༡༡ ཉིན་གྱི་རི་རུད་ཐོན་སར་སླར་ཡང་རི་ཉིལ་བ་དང་།  ས་གནས་ས་ཐོག་ཏུ་ལྟ་དཔྱད་ཚད་ལེན་བྱས་པར་གཞིགས་ན་འབྲི་ཆུའི་ཆུ་ཁ་མཐོ་རུ་ཕྱིན་ནས་རྒྱུག་མཚམས་ཆད་དེ་ཡང་སྐྱར་འཁྱིལ་མཚོ་ཆགས་ཡོད།  གནོད་འཚེ་ཐོན་རྗེས།  རང་སྐྱོང་ལྗོངས་དབུ་ཁྲིད་ཀྱི་བཀའ་སློབ་བླང་བྱ་གཞིར་བཟུང་།  ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འཕྲལ་མར་གཙང་པོའི་རྒྱུད་ཀྱི་ཤང་༼གྲོང་རྡལ ༽དང་གྲོང་ཚོའི་མང་ཚོགས་ཚང་མ་བདེ་འཇགས་ཁུལ་དུ་སྤོ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་མ་ཟད་ལེབ་བཤེར་ཡག་པོ་བྱེད་དགོས་པའི་བརྡ་ཐོ་བཏང་ཡོད།  དེ་དང་དུས་མཚུངས་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཨུད་ཧྲུའུ་ཅི་ཨ་ཕོ་ནས་བཀོད་འདོམས་པ་བྱེད་པའི་བབ་བསྟུན་ཉེན་སེལ་ལས་ཀའི་བཀོད་འདོམས་པུའུ་བཙུགས་ནས།  གྲོང་ཁྱེར་གྱི་རིམ་པ་གཉིས་པ་དང་།  རྫོང་གི་རིམ་པ་དང་པོའི་འཕྲལ་སྡོམ་བརྡ་ལན་སྔོན་ཇུས་བཟོས་པ་དང་།  ཆེད་མི་སྐོང་འཐེན་བྱས་ནས་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་པ་མ་ཟད་འཇོ་མདའ་རྫོང་དང་ཆབ་མདོ་གྲོང་ཁྱེར་དུ་བཅའ་སྡོད་དཔུང་སྡེ་དང་རིགས་ཁག་གི་ཉེན་རྟོག་བཀོད་སྒྲིག་བྱས་ནས།  ཉིན་མཚན་བལྟོས་མེད་ངང་རི་རུད་ཀྱི་གནོད་འཚེ་ཐོན་སར་བསྐྱོད་པ་དང་།  ས་གནས་ས་ཐོག་ཏུ་རི་རུད་ཐོན་སའི་གནས་ཚུལ་ལ་དོ་ཁུར་དམ་ཟབ་བྱེད་དགོས་པ་དང་ཆབས་ཅིག་དུས་ངེས་མེད་དུ་ཉེན་བརྡ་དང་སྔོན་བརྡ་གཏོང་དགོས་པའི་བླང་བྱ་བཏོན་ཡོད་ལ།  ཟི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དབར་འཕྲལ་སྡོམ་གེགས་སེལ་མཉམ་འགུལ་དང་ཆ་འཕྲིན་སྤེལ་རེས་མཉམ་སྤྱོད་ཀྱི་ལམ་སྲོལ་ཡང་བཙུགས་ཡོད།

གཞན་ཡང་ཆབ་མདོ་གྲོང་ཁྱེར་གྱིས་འཕྲལ་མར་གྲོང་སྤྱི་གཞོན་པ་ཀའོ་ཞོལ་ཝུན་གྱིས་རུ་སྣེ་ཁྲིད་པའི་རྒྱལ་ཁབ་ས་ཆ་དང་དམངས་སྲིད།  ཆུ་བེད།  འཕྲོད་བསྟེན།  མེ་ཟོན་སོགས་ཚན་པ་ལས་གྲུབ་པའི་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་སུ་བཏང་བ་དང་།  དེ་རྗེས་སླར་ཡང་གྲོང་སྤྱི་ཁྲེན་ཅུན་གྱིས་རྒྱལ་ཁབ་ས་ཆ་སོགས་ཚན་པའི་ལས་དོན་མི་སྣའི་སྣེ་འཁྲིད་དེ་ས་གནས་ས་ཐོག་ཏུ་བསྐྱོད་དེ་གེགས་སེལ་ལས་ཀ་སྒྲིག་འཛུགས་བཀོད་འདོམས་གནང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  འཕྲལ་སྡོམ་དོ་དམ་པུས་སྣེ་འཁྲིད་པའི་རང་བྱུང་ཐོན་ཁུངས་པུའུ་དང་ཆུ་བེད་པུའུ།  རྒྱལ་ཁབ་ནུས་ཁུངས་ཅུས་སོགས་ཚན་པ་ཞུགས་པའི་མཉམ་འབྲེལ་ལས་དོན་ཚོགས་ཆུང་དེང་སྐབས་ས་གནས་ས་ཐོག་ཏུ་བསྐྱོད་བཞིན་པ་དང་།  ཁོང་ཚོས་ས་གནས་ལ་གཞོགས་འདེགས་བྱས་ནས་རི་རུད་ཐོན་རྐྱེན་རྩད་ཞིབ་གསལ་པོ་དང་།  ཉེན་ཁ་དང་གནོད་འཚེའི་གནས་ཚུལ་གྱི་འཕེལ་ཕྱོགས་ལ་ཞིབ་འཇུག་བརྡར་གཅོད་བྱས་ཏེ་འཕྲལ་སྡོམ་གེགས་སེལ་ལས་དོན་ཡག་པོ་སྒྲུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]