རང་ལྗོངས་ཀྱིས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་ཤུཌ་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱིས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ལོ ༢༠༡༨ ལོའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས།  དེང་སྐབས་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་བྱས་པ་དང་གོམས་སྟབས་རྗེས་མའི་ལས་ཀར་བཀོད་སྒྲིག་བྱས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཅང་ཇེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། རང་་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་དབང་ཧའེ་ཀྲའུ་ཚོགས་འདུར་ཕེབས་ཡོད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་གོང་འཕེལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཁོངས་གཏོགས་ཚན་པས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་ཐོན་པའི་ཁོར་ཡུག་དང་གོང་ཚད།  ཆུ་གློག  ལག་འཁྱེར་བཟོ་རྒྱུ་སོགས་ཐད་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་ཞབས་ཞུ་འགན་ལེན་ལ་དམ་འཛིན་བྱས་ནས།  རང་བྱུང་འཐུང་ཆུའི་ཐོན་སྐྱེད་ཐད་ཁོར་ཡུག་བཟང་པོ་ཞིག་གཏོད་པ་དང་།  བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཁེ་ལས་ཀྱི་གཙོ་རྐང་འགན་འཁྲི་དོན་འཁྱོལ་བྱེད་པ།  ཐོན་སྐྱེད་འཁོར་རྒྱུག་བཀོད་གཏོང་ཡག་པོ་བྱེད་པ།  ཡུལ་ལུང་མཚོན་རྟགས་ཀྱི་ཐོན་རྫས་རེ་ཞུ་བྱེད་པ།  བོད་ཀྱི་ཆུ་བཟང་དྲིལ་བསྒྲགས་བྲིན་ཚོང་བྱེད་ཤུགས་ཆེ་རུ་གཏོང་བ།  བོད་ཀྱི་ཆུ་བཟང་གི་སྤུས་རྟགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།  ཐོན་སྐྱེད་དང་སྐྱེལ་འདྲེན་མ་གནས་ཆུང་དུ་གཏོང་བ།  འོས་འཚམ་ངང་ཆུའི་གོང་ཚད་དམའ་རུ་གཏོང་བ་བཅས་བྱས་ནས།  རྒྱལ་ཡོངས་མི་དམངས་ཚང་མས་བོད་ཀྱི་ཆུ་བཟང་འཐུང་ཐུབ་པ་བྱེད་པ་དང་བོད་ཀྱི་ཆུ་བཟང་སྙན་གྲགས་ཆེ་རུ་དང་ཁྲོམ་ར་རྒྱ་ཆེར་གཏོང་དགོས་པའི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]