ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྦོ་ལོ་ཤང་དུ་སླར་ཡང་རི་ཉིལ་ནས་འཁྱིལ་མཚོ་ཆགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༡ པའི་ཚེས ༣ ཉིན་གྱི་ཕྱི་དྲོ།  ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྦོ་ལོ་ཤང་དུ་བཅུ་པའི་ཚེས་བཅུ་གཅིག་ཉིན་གྱི་རི་ཉིལ་ཁུལ་དེར་སླར་ཡང་རི་ཉིལ་ནས་འཁྱིལ་མཚོ་ཆགས་ཡོད་པ་དང་།  འཁྱིལ་མཚོའི་གནོད་འཚེ་ཐོན་རྗེས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ནས་འཕྲལ་མར་ལས་དོན་བཀོད་སྒྲིག་གནང་བ་རེད། 
སྤྱི་ཚེས ༤ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ཆབ་མདོ་གྲོང་ཁྱེར་འཇོ་མདའི་རི་ཉིལ་དང་ཉིང་ཁྲི་གྲོང་ཁྱེར་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་འཕྲལ་སྡོམ་ཉེན་སེལ་ལས་དོན་བཀོད་འདོམས་པུའི་བཀོད་འདོམས་དཔོན་ཀྲོང་ཡན་ནས།  ཛ་དྲག་བཀོད་འདོམས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཚོགས་འདུའི་ཐོག་ཆབ་མདོ་འཇོ་མདའི་འཕྲལ་སྡོམ་ཉེན་སེལ་ལས་ཀར་བཀོད་འདོམས་གནང་བ་དང་།  ལྗོངས་ཡོངས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་ཚོད་འཛིན་ལས་ཀར་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཁ་གཏད་ནུས་ལྡན་བཅོག་རྒྱུའི་ལས་ཀ་བཀོད་སྒྲིག་གནང་བ་དང་སྦྲགས། 
ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དུ་སླར་ཡང་འཁྱིལ་མཚོའི་ཉེན་ཁ་ཐོན་པར་ཁ་གཏད་བཅོག་རྒྱུའི་ཐད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་བཀའ་སློབ་གལ་ཆེན་བརྒྱུད་བསྒྲགས་གནང་བ་རེད།

ཀྲོང་ཡན་ནས་ཆབ་མདོ་གྲོང་ཁྱེར་གྱི་མདོ་མདའ་རྫོང་དུ་སླར་ཡང་འཁྱིལ་མཚོའི་གནོད་འཚེ་ཐོན་པར་དམིགས་ཏེ།  རིམ་ཁག་ཚན་པ་ཁག་གིས་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་།  དེང་སྐབས་ཀྱི་ཐོན་སྐྱེད་བདེ་འཇགས་དང་རང་བྱུང་གནོད་འཚེའི་ཛ་དྲག་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་བཅད་དེ།  ཕྱོགས་ཡོངས་ཀྱི་འདུ་ཤེས་དང་བདག་པོའི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས།  ཉེན་ཁ་མྱུར་སེལ་དང་གནོད་འཚེ་འགོག་སེལ་གྱི་ལས་དོན་ཁག་ཧུར་ཐག་སྤེལ་དགོས་པ་མ་ཟད།  མང་ཚོགས་གནས་སྤོའི་བཀོད་སྒྲིག་ལས་དོན་ཞིབ་ཚགས་སྒྲུབ་ནས་གནོད་འཚེ་ཕོག་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་བརྟན་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་ཀྱང་གནང་བ་རེད།
ཀྲོང་ཡན་ནས་ད་དུང་རིམ་ཁག་ཚན་པ་ཁག་གིས་རང་བྱུང་གནོད་འཚེའི་སྔོན་འགོག་ཚོད་འཛིན་ཐད་གྲ་སྒྲིག་ཡག་པོ་བྱས་ཏེ།  ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཐོག་ཏུ་ཏན་ཏིག་འཁུར་ཐུབ་པ་བྱེད་པ་དང་།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ།  ཉམས་མྱོང་དང་བསླབ་བྱར་སྔར་བས་ཕྱོགས་བསྡོམས་བྱས་ཏེ།  ལྗོངས་ཡོངས་ཀྱི་རང་བྱུང་གནོད་འཚེའི་མངོན་མེད་རྐྱེན་རྩ་གང་མགྱོགས་སེལ་ནས་མངོན་མེད་རྐྱེན་རྩའི་གནས་ཚུལ་མཐིལ་རྟོགས་པ་བྱས་ཐོག  ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་ཆོས་ཉིད་ཁོངས་སུ་ཆུད་པ་བྱས་ཐོག་རང་འགུལ་དབང་ཆར་སྟངས་འཛིན་བྱས་ནས།  ཆུ་མ་ཤོར་གོང་ནས་རགས་རྒྱག་པའི་དཔེ་ལྟར་འཕྱུགས་པ་གཏན་ནས་མེད་པ་བྱེད་དགོས་རྒྱུའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]