བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠ཡི་ཚུན་རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་ཤུགས་ཆེ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་བཞི་བཅུ་ཡི་ཚུན་དུ།  རང་ལྗོངས་ཀྱིས་སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད།  བསྡོམས་རྩིས་གྲངས་གཞིར་གཞིགས་ན།  སྤྱི་ལོ ༡༩༥༡ ལོ་ནས་སྤྱི་ལོ ༢༠༠༠ ལོའི་བར་སློབ་གསོའི་ཐད་ནོར་སྲིད་ནས་སྒོར་དུང་ཕྱུར ༦༡ དང་།  སྤྱི་ལོ ༢༠༠༡ ལོ་ནས་སྤྱི་ལོ ༢༠༡༠ ལོའི་བར་སློབ་གསོའི་ཐད་ནོར་སྲིད་ནས་སྒོར་དུང་ཕྱུར ༣༤༦  སྤྱི་ལོ ༢༠༡༡ ལོ་ནས་སྤྱི་ལོ ༢༠༡༥ ལོ་བར་སློབ་གསོའི་ཐད་ནོར་སྲིད་ནས་སྒོར་དུང་ཕྱུར ༦༣༣ བཅས་བཏང་ནས།  རང་ལྗོངས་ཀྱི་སློབ་གསོ་དོ་སྙོམས་དང་སྤུས་ཚད་མཐོ་པོས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།   
ལོ་ངོ་བཞི་བཅུའི་རིང་རང་ལྗོངས་ཀྱིས་སློབ་གསོའི་མ་དངུལ་རོགས་སྐྱོར་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་བཟོས་པ་དང་།  སྔ་རྗེས་སུ་སློབ་མའི་མ་དངུལ་རོགས་སྐྱོར་གྱི་སྲིད་ཇུས་ཁག་བཞི་བཅུ་བཏོན་ནས་ལག་བསྟར་བྱས་པའི་ནང་བུ་བཅོལ་སློབ་གསོ་དང་འོས་འགན་སློབ་གསོ།  སྤྱིར་བཏང་མཐོ་འབྲིང་སློབ་གསོ།  འབྲིང་རིམ་ལས་རིགས་སློབ་གསོ།  མཐོ་རིམ་སློབ་གསོ།  ཞིབ་འཇུག་སློབ་མའི་སློབ་གསོ་སོགས་སློབ་རིམ་ཡོངས་ཀྱི་མ་དངུལ་རོགས་སྐྱོབ་སྲིད་ཇུས་དང་།  ཕྱོགས་བསྡུས་རིགས་ཀྱི་སློབ་མའི་མ་དངུལ་རོགས་སྐྱོབ་སྲིད་ཇུས་བཅས་ཚུད་ཡོད།  བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལྗོངས་ཡོངས་སུ་རིགས་ཁག་གི་སློབ་མའི་མ་དངུལ་རོགས་སྐྱོབ་སྒོར་དུང་ཕྱུར ༡༠༠ ལྷག་ཙམ་བཏང་ཡོད།   
རང་ལྗོངས་སུ་སྤྱི་ལོ ༢༠༡༡ ལོར་རྒྱལ་ཡོངས་ཁྱབ་ཁོངས་ནང་སྔོན་དང་པོར་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་བཅོ་ལྔའི་གཞུང་གྲོན་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ནས་ཁྱབ་ཐུབ་ཡོད་པ་དང་ཆབས་ཅིག  ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་དང་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་སློབ་གསོའི་དུས་མཚམས་བར་འོས་འགན་སློབ་གསོའི་འགན་ལེན་གསུམ་དང་།  སློབ་སྐྱོར་རོགས་དངུལ་སྤྲོད་པའི་སྲིད་ཇུས་རྒྱ་བསྐྱེད་བཏང་ཡོད།   
རང་ལྗོངས་ཀྱིས་ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་ལ་མཐོ་རིམ་སློབ་གསོ་དང་ལེན་གྱི་རིན་མེད་སློབ་གསོའི་ཁ་གསབ་སྲིད་ཇུས་ལག་བསྟར་དོ་དམ་བྱ་ཐབས་བཏོན་ཡོད་པ་དང་།  བོད་ལྗོངས་དང་ནང་སའི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་ཆེད་ལས་ཚན་ཁག་གི་མཐོ་རིམ་སློབ་གྲྭར་སྐྱོད་བཞིན་པའི་ཐེམ་ཁོངས་བོད་ནས་ཡིན་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག་དང་།  གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་གི་བུ་ཕྲུག་ལ་རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་པས་སློབ་གྲྭར་སྡོད་རིང་གི་སློབ་ཡོན་དང་ཉལ་ཁང་གི་གྲོན་དངུལ།  དེབ་རིན་བཅས་སྤྲོད་མི་དགོས་པ་མ་ཟད་འོས་འཚམས་ཀྱི་འཚོ་བའི་ཁ་གསབ་ཀྱང་སྤྲོད་ཀྱི་ཡོད།  དེ་དང་ཆབས་ཅིག་སློབ་གསོའི་ཁ་གཏད་རོགས་སྐྱོར་དང་ཚོགས་སྒྲིག་རྣམ་པའི་སློབ་གསོའི་བོད་སྐྱོར་བརྒྱུད་རང་ལྗོངས་ཀྱི་སློབ་གསོའི་སློབ་ཁྲིད་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་དང་སྤུས་ཚད་ལེགས་སུ་ཕྱིན་ཡོད།   
སྤྱི་ལོ ༢༠༡༠ ལོར་རང་ལྗོངས་སུ་ལོ་དགུའི་འོས་འགན་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་དང་།  གཞོན་ནུ་དང་དར་མ་ཡིག་རྨོངས་བ་བརྒྱ་ཆ ༡.༢ ཉུང་དུ་ཕྱིན་ཡོད་པ་དང་།  སྤྱི་ལོ ༢༠༡༢ ལོར་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་གོང་འཕེལ་བཏང་བས།  སློབ་གྲྭའི་ཆ་རྐྱེན་སྤྱིར་བཏང་ནས་འཐུས་ཚང་བར་་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།  
སྤྱི་ལོ ༢༠༡༦ ལོ་ནས་སློབ་གསོའི་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན་ནས་སྤྱི་ལོ ༢༠༡༧ ལོའི་ལོ་མཇུག་བར།  རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར ༡༧ གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་།  སློབ་གསོའི་སློབ་ཁྲིད་སྤུས་ཚད་སོགས་ཀྱི་ཐད་ནས་རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽བདུན་ལ་ཁ་གཏད་རོགས་སྐྱོར་བྱས་པ་དེ་ལྗོངས་ཡོངས་ཀྱི་རྫོང་ ༧༤ ལ་ཁྱབ་ནས་རོགས་སྐྱོར་སྒོར་དུང་ཕྱུར ༡༢.༧ དོན་འཁྱོལ་བྱུང་བ་དང་།  བོད་སྐྱོར་ཤེས་ལྡན་པ་མི་ཐེངས ༥༤༠༠ བཏང་ཡོད།

དེང་སྐབས་རང་ལྗོངས་སུ་མཐོ་རིམ་སློབ་གསོའི་དཔུང་ཁག་རྣམ་པ་དང་ལས་རིགས་སློབ་གསོའི་ཚོགས་པ་ཅན།  རྨང་གཞིའི་སློབ་གསོའི་ཚོགས་སྒྲིག་རྣམ་པ།  སློབ་གསོ་པུའི་ཐད་གཏོགས་ཚན་པའི་ཁ་གཏད་རོགས་སྐྱོར་བཅས་བང་རིམ་མང་ལ་ཁྱོན་ཡོངས་ལ་ཁྱབ་པའི་སློབ་གསོའི་བོད་སྐྱོར་མ་ལག་ཞིག་ཆགས་ཡོད།།   
 

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]