མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྔ་དང་སྨྲ་བ་གཉིས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྔ་དང་སྨྲ་བ་གཉིས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ་མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་ལྔ་དང་སྨྲ་བ་གཉིས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་དགོས་ཞེས་འགོ་བརྗོད་དུ་འཁོད་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་ཡོད། 

རྩོམ་ཡིག་ནང་།  མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་བརྟན་པོ་འཛུགས་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་ལས་དོན་ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།  བོད་ཀྱི་མི་རིགས་ཁག་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན།  རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་བྲལ་ཐབས་མེད་པ་དང་།  གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་བྲལ་ཐབས་མེད་ལ།  གྲངས་ཉུང་མི་རིགས་ཕན་ཚུན་ཡང་ཁ་བྲལ་ཐབས་མེད་པ་དེ་ནི།  ལོ་ངོ་སྟོང་ཕྲག་རིང་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་བོད་ཀྱི་མི་རིགས་ཁག་གིས་མཐུན་སྒྲིལ་ཡར་ཐོན་བྱས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་རེད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་བོད་ཀྱི་མི་རིགས་ལས་དོན་ལ་མཐོང་ཆེན་གནང་ནས།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུའི་བཀའ་སློབ་གལ་ཆེན་གནང་བ་དང་།  མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ།  བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་གསལ་སྟོན་གནང་ནས།  དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་བྱ་གཞག་རྒྱུན་ཆད་མེད་པར་གསར་གཏོད་གོང་འཕེལ་ཡོང་རྒྱུར་ཁྲིད་སྟོན་གནང་ཡོད།    
མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་བརྟན་པོ་འཛུགས་པར་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོ་རྒྱུས་ཕྱིན་ཅི་སློག་པའི་སྟོང་བསམ་དང་ལོག་སྤྱོད་ཀྱི་ངོ་བོ་གསལ་པོ་ཤེས་དགོས།  ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བོད་རང་བཙན་ཟེར་བའི་ལོག་སྤྱོད་ཀྱི་ཆབ་སྲིད་ལྐོག་གཡོ་དེས་རྒྱལ་ཁབ་དང་བོད་ཀྱི་མི་དམངས་ལ་བྱ་བཟང་གཅིག་ཀྱང་སྒྲུབ་མེད་པར་དེ་ལས་ལྡོག་སྟེ།  ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་ངན་བཤད་རྒྱག་པ་མ་ཟད།  མཚོ་བོད་ས་མཐོའི་ཐོག་ལོ་ངོ་སྟོག་ཕྲག་རིང་མི་རིགས་མང་པོ་མཉམ་གནས་བྱེད་པ་དང་།  ས་མཐོའི་མི་རིགས་ཁག་གིས་ཐུན་མོང་ཐོག་ལོ་རྒྱུས་དང་རིག་གནས་གཏོད་ཡོད་པའི་དོན་དངོས་སྣང་མེད་བཏང་སྟེ།  ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་མི་རིགས་གཞན་དག་ཕྱིར་འབུད་ཀྱི་བོད་ཆེན་པོ་ཟེར་བ་འཛུགས་རྒྱུའི་ལྐོག་གཡོ་ངན་ཇུས་བྱས་ཐོག  རྐང་བཙུགས་ནས་མི་རིགས་དབར་ལ་འགལ་ཟླ་དང་འཁོན་འཛིན་བཟོ་བ་དང་མི་རིགས་ཁ་ཕྲལ་གཏོང་རྩིས་བྱེད་པ།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྩ་བ་ནས་ཁས་མི་ལེན་པ་བཅས་རེད།  འོན་ཀྱང་ལོ་རྒྱུས་དང་དོན་དངོས་ནི་མི་སུ་འདྲ་ཞིག་གིས་ཀྱང་གསུབ་ཐབས་བྲལ་བ་ཞིག་རེད།   
ང་ཚོས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་མོའི་དར་ཆ་བསྒྲེངས་ཏེ་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།  མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ།  བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བཅས་བྱས་ཏེ།  རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས།  ཀྲུང་ཧྭ་རིག་གནས།  ཀྲུང་གོ་གུང་ཁྲན་ཏང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མི་རིགས་ཁག་གི་མོས་སེམས་ཟབ་ཏུ་བཏང་ཐོག  མི་རིགས་ཁག་བློ་སེམས་གཅིག་མཐུན་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བ་བྱེད་དགོས་ཞེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]