གླིང་སྒྲུང་དེབ་སུམ་ཅུའི་ནང་ནས་དེབ༢༥རྒྱ་ཡིག་ཏུ་བསྒྱུར་ཟིན་ཏེ་བརྒྱ་ཆ༨༠ལེགས་གྲུབ་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-01-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འཛམ་གླིང་ཐོག་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས་ཡིན་པའི་གླིང་སྒྲུང་དེ་རྒྱ་ཡིག་ཏུ་སྒྱུར་བའི་རྣམ་གྲངས་ལ་གྲུབ་འབྲས་གལ་ཆེན་ཐོབ་སྟེ།  གླིང་སྒྲུང་དཔེ་དེབ་སུམ་ཅུའི་ནང་ནས་དཔེ་དེབ ༢༥ རྒྱ་ཡིག་ཏུ་བསྒྱུར་ཟིན་པས་རྣམ་གྲངས་ཡོངས་ཀྱི་བརྒྱ་ཆ ༨༠ ལེགས་གྲུབ་བྱུང་བ་རེད། 
གསར་འགོད་པར་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  འདན་མ་ནས་རྫོང་དང་དམྱལ་གླིང་རྫོགས་པ་ཆེན་མོ།  སྟག་གཟིག་ནོར་རྫོང་།  སྲིད་པ་ཆགས་གླིང་།  སུམ་པ་མཛོ་རྫོང་སྨད་ཆ་བཅས་དངོས་སུ་དཔར་སྐྲུན་ཟིན་ཏེ།  ད་བར་གླིང་སྒྲུང་རྒྱ་སྒྱུར་རྣམ་གྲངས་ཁྲོད་ཀྱི་དེབ ༡༥ དཔར་སྐྲུན་ཟིན་པ་དང་།  དེབ ༡༠ རིགས་གཅིག་མཁས་པས་མཐའ་མའི་ཞིབ་བཤེར་གནང་ཟིན་ཏེ་དཔར་སྐྲུན་བྱེད་རྒྱུར་བསྐྱལ་ཡོད། 
གླིང་སྒྲུང་རྒྱ་སྒྱུར་རྣམ་གྲངས་ནི་རང་ལྗོངས་ཀྱི་རིག་གནས་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་།  སྤྱི་ལོ ༢༠༡༤ ལོར་སྒྱུར་འགོ་ཚུགས་ཤིང་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༧༦༦ བཏང་ཡོད།  རྣམ་གྲངས་དེར་སྒྲུང་པ་བསམ་གྲུབ་ཀྱིས་གསུངས་པའི་གླིང་སྒྲུང་ཁག ༤༥ ༼ དེབ ༤༨༽ རྨང་གཞིར་བྱས་ཏེ་རྒྱལ་ཡོངས་ཀྱི་རིགས་གཅིག་མཁས་པ་དང་མཁས་དབང་ ༥༠ ཙམ་སྒྲིག་འཛུགས་བྱས་ནས་གླིང་སྒྲུང་རྒྱ་སྒྱུར་ལས་ཀའི་ནང་ཞུགས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]