ཆེ་དགྲ་ལྷས་ཆབ་མདོ་དང་ནག་ཆུ་ནས་ལྷ་སར་གནས་སྤོས་བྱས་པའི་མང་ཚོགས་ལ་བྱམས་བརྩེའི་ངང་འཚམ་འདྲི་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-02-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༥ ཉིན་ནི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཚེས་གཅིག་རེད་ལ་ཆབ་མདོའི་ས་ངན་ཁུལ་ནས་སྤོས་ཡོང་བའི་མང་ཚོགས་དང་།  ནག་ཆུའི་ས་བབས་མཐོ་བའི་སྐྱེ་ཁམས་ཁུལ་ནས་སྤོས་ཡོང་བའི་མང་ཚོགས་ཀྱིས་ལྷ་སར་གནས་སྤོ་བྱས་རྗེས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་ཐེངས་དང་པོ་དེ་ཡང་རེད།  སྤྱི་ཚེས ༥ ཉིན་གྱི་སྔ་དྲོ།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་གནས་སྤོས་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམ་འདྲི་གནང་ནས།  ཁོང་ཚོ་དང་མཉམ་དུ་ལོ་གསར་དགའ་གཏོང་གནང་བ་མ་ཟད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་།  ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་ཚབ་ཞུས་ནས་ཁོང་རྣམ་པར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་བཟང་པོ་ཡང་ཞུས་གནང་བ་རེད།

ས་ངན་ཁུལ་གྱི་གནས་སྤོས་མང་ཚོགས་ཕུར་བུ་ཚེ་རིང་དང་རྡོར་ཐུབ་ཁྱིམ་དུ་ཁྱིམ་ཆས་ཆ་ཚང་པོ་ཡོད་ཅིང་ཅོག་ཙེའི་ཐོག་ཞིམ་ཟས་སྣ་ཚོགས་བསྒྲིགས་ཡོད།  ཆེ་དགྲ་ལྷས་ཁོང་ཚོར་ལོ་གསར་སྤྲོ་པོ་དང་ཁྱིམ་ཚང་འཆམ་མཐུན་ཡོང་བའི་སྨོན་འདུན་བཟང་པོ་ཞུས་གནང་བ་དང་སྦྲགས།  སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུན་མོང་འབད་བརྩོན་འོག་ཁྱེད་ཚོས་ཏང་གི་འབོད་སྐུལ་ལ་བརྡ་ལེན་ཧུར་ཐག་ཞུས་ནས།  ལྷ་སར་གནས་སྤོས་བྱས་པས་ཕྱོགས་གང་ཅིའི་ཐད་ཀྱི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད།  ཁྱེད་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ཏེ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་རྒྱུའི་ཐུགས་རེ་ཡང་གནང་བ་རེད།

ན་ནིང་སྤྱི་ཟླ་དྲུག་པར།  དེ་སྔོན་ས་བབ་མཐོ་ཚད་སྤྱི་ཁྲེ ༥༠༠༠ ཡན་ལ་གནས་སྡོད་བྱས་པའི་ཉི་མ་རྫོང་རོང་དམར་ཤང་གི་འབྲོག་པ་ཚོ་ད་ཆ་ས་བབ་མཐོ་ཚད་སྤྱི་ཁྲེ ༣༨༠༠ ཙམ་ལས་མེད་པའི་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོར་གནས་སྤོས་བྱས་པ་རེད།  ཆེ་དགྲ་ལྷས་སྔ་རྗེས་སུ་བསོད་ནམས་གྲགས་པ་སོགས་ཀྱི་ཁྱིམ་དུ་ཕེབས་ནས་གཟིགས་ཞིབ་ནན་ཏན་དང་བཀའ་འདྲི་ཞིབ་ཕྲ་གནང་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།  བསོད་ནམས་གྲགས་པས་ང་ཚོ་འདི་གར་ཧ་ཅང་སྐྱིད་པོ་འདུག  སེམས་པ་ལྷོད་ལ་བབ་སོང་བས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ང་ཚོ་ས་བབ་མཐོ་ལ་གསོ་རླུང་དཀོན་པའི་ས་ཆ་ནས་འདི་གར་སྤོ་རྒྱུ་བྱུང་བས་སླད་ཕྱིན་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་ངེས་རེད་ཅེས་ཞུས་པ་གསན་རྗེས་ཆེ་དགྲ་ལྷས།  ཚང་མས་ཁྱིམ་གཞིས་གསར་པར་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་ཁོར་ཡུག་གསར་པར་འཕྲོད་ཐུབ་པ་བྱས་ཏེ།  འབད་འབུངས་ཡར་བརྩོན་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བ་དང་མ་འོངས་པ་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]