ན་ནིང་རང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་གྱི་མཉམ་ལས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-02-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༨ ལོར་རང་ལྗོངས་ཀྱི་ཁ་གཏད་བོད་སྐྱོར་གྱི་མཉམ་ལས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས།  བོད་སྐྱོར་རྣམ་གྲངས ༧༠༧ ལག་བསྟར་བྱས་པ་དང་མ་འཇོག་སྒོར་དུང་ཕྱུར ༤༤ ལེགས་སྒྲུབ་བྱས་ཡོད།  ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་དབུལ་གྲོལ་འགག་སྒྲོལ་ཡོང་རྒྱུར་རོགས་རམ་བྱེད་ཅེས་པའི་བྱེད་སྒོའི་ནང་རྣམ་གྲངས ༡༥ ལ་མིང་རྟགས་བཀོད་པ་དང་།  ཁྱོན་སྒོར་དུང་ཕྱུར ༧༣.༨ ཟིན་ཡོད།
ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་ལ་ཆ་བཞག་ན།  ཅི་ནན་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པ་བོད་དུ་བསྐྱོད་ཚུན།  པ་སྣམ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ས་མཐོའི་དེང་རབས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྟོབས་ཆེན་གྱི་རྫོང་གཏོད་རྒྱུའི་དམིགས་ཚད་བསམ་ཕྱོགས་དང་དམ་པོར་བསྟུན་ནས།  ཧྲན་ཏུང་ཧྲོའུ་ཀོང་སྔོ་ཚལ་ཐོན་ལས་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་སོགས་སྣེ་འདྲེན་ཁེ་ལས་མང་པོ་ཞིག་ནང་འདྲེན་གཞིས་ཆགས་ཐུབ་པ་བྱས་པ་དང་།  མ་དངུལ་སྒོར་དུང་ཕྱུར ༣༠ ཟིན་པའི་གན་རྒྱ་བཞག་ནས་རྫོང་གྲོང་དུ་ཤིང་ཏོག་སྔོ་ཚལ་ཐོན་ལས་ཀྱི་ལྟེ་བའི་ཁུལ་གསུམ་དང་།  མྱང་ཆུའི་སྐྱེ་ཁམས་ཞིང་ལས་སྔོ་ཚལ་ཐོན་སྐྱེད་རྟེན་གཞི ༢༦ བཏོད་པ།  སྔོ་ཚལ་ཐོན་ལས་སྡེ་གླིང་བཞི་གསར་དུ་བསྐྲུན་ཡོད།  ཐོན་ལས་གོང་འཕེལ་བྱུང་བ་དེས་དབུལ་ཕོངས་མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ནས་པ་སྣམ་རྫོང་གི་དབུལ་ཕོངས་ཐོན་ཚད་བརྒྱ་ཆ ༢༠ ནས་བརྒྱ་ཆ ༠.༦ བར་ཆག་པ་དང་།  ཐོན་ལས་ཀྱིས་དབུལ་གྲོལ་ལ་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ ༦༠ ཡན་ཟིན་ཏེ་དུས་བཀག་ལྟར་དབུལ་གྲོལ་ལས་འགན་ལེགས་གྲུབ་བྱུང་ཡོད།
ད་ལོ་རང་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་གྱི་བརྗེ་རེས་ལས་དོན་ཡག་པོ་སྤེལ་ཏེ་བོད་སྐྱོར་ཁྱབ་ཁོངས་རྒྱ་སྐྱེད་བཏང་ནས།  ཤེས་ལྡན་པ་དང་རིག་ནུས།  ཚན་རྩལ།  ཐོན་ལས་བཅས་གཏིང་ཟབ་ཏུ་གཏོང་རྒྱུ་དང་།  རྣམ་གྲངས་མ་དངུལ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་རོགས་སྐྱོར་གནད་འཕིགས་ཐུབ་པ་བྱེད་རྒྱུ་རེད་ལ།  ལྗོངས་ཕྱི་རོལ་གྱི་འདེབས་འཛུགས་བྱེད་མཁན་ཆེ་གྲས་དང་ལག་ཤེས་མཁས་པ་བོད་དུ་གཞིས་ཆགས་གོང་འཕེལ་ཡོང་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་།  རིམ་པ་མཐོ་བ་དང་གོ་ཆོད་པ།  རྩལ་ནུས་ལྡན་པ་བཅས་ཤེས་ལྡན་པ་ནང་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ།  ནང་སའི་དབར་འགྲོ་འོང་དང་སྤེལ་རེས།  མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།།
  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]