གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་ནུབ་ཁུལ་དུ་གངས་ཆེན་པོ་བབས་པའི་གནམ་གཤིས་བསྟན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-02-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༢ པའི་ཚེས ༧ ཉིན་ནས་བཟུང་།  གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་ནུབ་ཁུལ་དུ་གངས་ཆེན་པོ་བབས་པའི་གནམ་གཤིས་བསྟན་པ་དང་ལྷག་པར་དུ་སྐྱིད་གྲོང་དང་གཉའ་ལམ་རྫོང་གི་ཤང་ཁག་ཅིག་ལ་གངས་ཧ་ཅང་ཆེན་པོ་བབས་པའི་གནམ་གཤིས་བསྟན་ནས།  འགྲིམ་འགྲུལ་འགག་པ་དང་མི་སྣ་ལམ་བར་དུ་ལུས་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད།  སྤྱི་ཟླ ༢ པའི་ཚེས ༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་བར་གངས་སྐྱོན་ཅུང་ཚབ་ཆེ་བས་གཉའ་ལམ་རྫོང་གྲོང་དུ་གངས་གསོག་ཐེབས་ཚད་ལིའི་རྨིད ༨༨ ཟིན་ཡོད།
གངས་སྐྱོན་ཐོན་རྗེས་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་ཁག་གིས་མཐོང་ཆེན་པོ་བྱེད་པ་དང་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་ལྟར།  ཉེན་སེལ་མྱུར་སྐྱོབ་བྱས་པས་ད་བར་མི་སྣ་ཤི་རྨས་དང་ཁང་པ་ལོག་པ་སོགས་ཀྱི་གནོད་འཚེ་ཚབ་ཆེན་ཐོན་མེད་པ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]