ནོར་བུ་དོན་གྲུབ་ཀྱིས་དོག་སྡེ་ཤང་དང་སྐྱིད་རས་ཁྲོམ་གཞུང་སོགས་ཀྱི་མ་ཐའི་འཚོ་བ་འགན་ལེན་བྱེད་ཡུལ་ལ་འཚམ་འདྲི་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-02-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༨ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་དབུལ་སྐྱོར་གཞུང་ལས་ཁང་།  ལྷ་ས་གྲོང་ཁྱེར་དང་ཁྲེན་ཀོང་ཆུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་སྣེ་འཁྲིད་དེ་ཁྲེང་ཀོན་ཆུས་དོག་སྡེ་ཤང་དངུལ་པར་གྲོང་ཚོ་དང་སྐྱིད་རས་ཁྲོམ་གཞུང་།  སྦྲ་ནག་ཞོལ་སྡེ་ཁུལ་སོགས་སུ་ཕེབས་ཏེ་མ་ཐའི་འཚོ་བའི་འགན་ལེན་བྱེད་ཡུལ་ལ་འཚམ་འདྲི་གནང་བ་དང་སྦྲགས།  ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་ལོ་གསར་གྱི་འཚམ་འདྲི་ཞུས་གནང་བ་རེད།  དུད་ཚང་རེར་ཕེབས་རིམ་བཞིན་ནོར་བུ་དོན་གྲུབ་ཀྱིས་ཁོང་ཚོའི་འཚོ་བའི་སྐྱིད་སྡུག་བཀའ་འདྲི་ཡང་ཡང་ཞུས་གནང་བ་དང་བྱམས་བརྩེའི་ངང་ཁོང་ཚོ་དང་དཀའ་ངལ་སེལ་ཐབས་ཐད་གྲོས་བསྡུར་གནང་བ་མ་ཟད།  ཁྱེད་ཚོས་དཀའ་སྤྱད་འབད་བརྩོན་དང་རང་རྐྱ་འཕེར་པོའི་སྒོ་ནས་སྔ་ཙམ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་དགོས་ཅེས་སྐུལ་ལྕག་ཀྱང་གནང་བ་རེད།
ནོར་བུ་དོན་གྲུབ་ནས་རིམ་ཁག་ཚན་པ་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།  ལས་འགན་དང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་གཏོང་དགོས་ལ།  དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་ཆེན་པོ་བྱེད་དགོས་པ་དང་ཁོ་ཚོའི་འདོད་བློ་སྐོང་ཐོག་འཕྲལ་མཁོ་སྒྲུབ་ཏེ་དམངས་ཕན་སྲིད་ཇུས་ཁག་བེད་སྤྱོད་ཡག་པོ་གཏོང་བ་དང་།  ལས་སྟངས་གསར་གཏོད་བྱེད་པའི་ཐད་ཤུགས་བརྒྱབ་ནས་ཁོང་ཚོའི་དོན་དངོས་དཀའ་ངལ་དང་གནད་དོན་ཁག་ཐག་གཅོད་གང་ཐུབ་བྱེད་དགོས་ཞེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]