རང་ལྗོངས་ཀྱིས་ཁོར་ཡུག་བཅོས་སྒྲིག་དང་འཐུང་ཆུའི་ཆུ་འགོའི་གནད་དོན་ཐག་གཅོད་བྱེད་པའི་ལས་དོན་གང་ལེགས་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་གནང་བའི་སྦགས་བཙོགས་འགོག་བཅོས་ཀྱི་འགག་སྒྲོལ་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད་དང་།  འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གནད་དོན་མངོན་གསལ་དོད་པོ་རྣམས་གང་མགྱོགས་ཐག་གཅོད་བྱ་ཆེད།  རང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་པུའུ་དང་ཆུ་བེད་པུའི་བླང་བྱ་གཞིར་བཟུང་སྲུང་སྐྱོང་ཁུལ་གཏན་འཁེལ་བྱེད་རྒྱུ་དང་ས་མཚམས་མཚོན་རྟགས་འཛུགས་རྒྱུ།  ཁྲིམས་འགལ་གྱི་གནད་དོན་གཙང་སེལ་བཅོས་སྒྲིག་བྱེད་རྒྱུ་བཅས་གཙོ་གནད་ལས་འགན་གསུམ་དང་བསྟུན་ནས།  གྲོང་ཁྱེར༼ས་ཁུལ༽ཁག་སྒྲིག་འཛུགས་བྱས་ཏེ་གཅིག་བསྡུས་རྣམ་པའི་ཐོག་ནས་འཐུང་ཆུའི་ཆུ་འགོའི་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  རང་ལྗོངས་ཀྱི་གྲོང་ཁྱེར༼ས་ཁུལ༽ཁག་གིས་ཆེད་དོན་བྱ་སྤྱོད་ཀྱི་འབྲེལ་ཡོད་བླང་བྱར་ནན་པོ་གཞིགས་ཏེ།  སྒྲིག་ལམ་དང་འགལ་བའི་འཛུགས་སྐྲུན་རྣམ་གྲངས་ཁྲིམས་ལྟར་བཤིག་སློག་བྱེད་པ་དང་།  འཛུགས་སྐྲུན་ཚད་གཞི་ཅན་དང་ལུགས་མཐུན་ཅན་གྱི་ཆུ་འགོ་བཟོ་བ།  ཆུ་འགོའི་སྲུང་སྐྱོང་ཁུལ་གྱི་མཚོན་རྟགས་བྱང་བུ་འཛུགས་པ།  ཆེད་སྒྲིག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།  ཁོར་ཡུག་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཆུ་འགོའི་ཁུལ་གྱི་ཁོར་ཡུག་གནད་དོན་གཙང་སེལ་བཅོས་སྒྲིག་གི་ལས་དོན་ཏན་ཏིག་སྤེལ་ཡོད།

ད་བར་རང་ལྗོངས་ཀྱིས་སྤྱི་ལོ ༢༠༡༨ ལོར་བཅོས་སྒྲིག་ལེགས་སྒྲུབ་བྱེད་དགོས་པའི་ཁོར་ཡུག་གནད་དོན ༡༥ ཚང་མ་ལེགས་སྒྲུབ་ཟིན་ནས་བཅོས་སྒྲིག་ལེགས་སྒྲུབ་བྱེད་ཚད་བརྒྱ་ཆ ༡༠༠ ཟིན་པ་དང་།  སྤྱི་ལོ ༢༠༡༩ ལོའི་ཟླ ༡༢ པའི་ཟླ་མཇུག་ཏུ་བཅོས་སྒྲིག་ལེགས་སྒྲུབ་བྱེད་དགོས་པའི་ཁོར་ཡུག་གནད་དོན ༦༦ ཡོད་པའི་ནང་།  གནད་དོན ༦༠ སྔ་སྣུར་དུ་ལེགས་སྒྲུབ་ཟིན་ནས་ལེགས་སྒྲུབ་བྱེད་ཚད་བརྒྱ་ཆ ༩༠ ཟིན་ཏེ།  གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་ཀྱི་ཆེད་དོན་བྱ་སྤྱོད་དེ་ཁོར་ཡུག་གནད་དོན་བཅོས་སྒྲིག་གི་དུས་ཚོད་བཀོད་སྒྲིག་དང་འཚམས་གྱི་ཡོད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]