གྲོ་མོ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་རྒྱུ་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ལ་རྩིས་ཏེ།  ཡུལ་བབ་ལ་བསྟུན་པ་དང་ཐོན་ལས་གོང་འཕེལ་གཏོང་བ།  དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་བྱས་ནས་མང་ཚོགས་བདེ་སྡོད་ལས་ཞེན་ཡོང་བ་བྱས་ཡོད།  དེང་སྐབས་གྲོ་མོ་རྫོང་གིས་རྒུར་རུ་གྲོང་ཚོ་ཚུད་པའི་གྲོང་ཚོ་དང་གྲོང་ལྷན ༩ ཡི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་འཛུགས་སྐྲུན་དང་ཐོན་ལས་རྟེན་གཞི་ཆེ་གྲས ༡༠ ཡིས་གཙོ་བོ་བྱས་པའི་ཞིང་འབྲོག་ཁྱད་ལྡན་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་པ་རེད། 
ཤེས་རྟོགས་བྱས་པར་གཞིགས་ན།  གྲོ་མོ་རྫོང་གིས་རྫོང་རིམ་པའི་ལས་བྱེད་པས་ཤང་གྲོང་རྡལ་འགན་གཙང་ལེན་པ་དང་།  ཤང་གྲོང་རྡལ་གྱི་ལས་བྱེད་པས་གྲོང་ཚོ་འགན་གཙང་ལེན་པའི་རྣམ་པའི་ཐོག་ནས།  མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཐོག་ནས་དོ་དམ་དང་སྐུལ་འདེད་བཏང་བ་རེད།  འབྲེལ་ཡོད་བླང་བྱ་གཞིར་ཟུང་ཆུ་དང་གློག  ལམ།  འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གྲོང་ཚོ་ཨུ་ལྷན།  འཕྲོད་བསྟེན་ཁང་།  རིག་གནས་བྱེད་སྒོ་ཁང་སོགས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་གཅིག་གྱུར་འཛུགས་སྐྲུན་བྱས་ནས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་སྐྲུན་པ་རེད། 
གཞན་ཡང་།  གྲོ་མོ་རྫོང་གིས་ཞིང་འབྲོག་ཁྱད་ལྡན་ཐོན་ལས་སོགས་ལེགས་ཆའི་ཐོན་ཁུངས་ལ་གཞི་ཚུགས་པ་དང་ཐོན་ལས་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གཏོང་རྒྱུ་མངོན་ཆེར་འཛིན་ཏེ།  གྲོ་མོའི་ཉ་དང་འབྲི་གཡག་སོགས་ཀྱི་ཐོན་ལས་རྟེན་གཞི་ཆེ་གྲས་བཅུ་གཏོད་པས།  ཤང་ཚང་མར་ཁྱད་ལྡན་ཐོན་ལས་ཡོད་པ་དང་གྲོང་ཚོ་ཚར་མར་ཁེ་ཕན་ཡོད་པ།  དུད་ཚང་ཚང་མར་འབབ་འཕར་ཐབས་ལམ་ཡོད་པ་བཅས་བྱུང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]