གཞིས་རྩེས་ད་ལོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ༢༠༩སྐྲུན་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༧ ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་བོད་རང་སྐྱོང་ལྗོངས་མཐའ་མཚམས་ས་ཁུལ་དུ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་སྤྱི་ལོ ༢༠༡༧ ལོ་ནས ༢༠༢༠ ལོའི་བར་གྱི་འཆར་འགོད་གཞིར་བཟུང་།  གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་མཚམས་གྲོང་ཚོ ༣༥༤ འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དེ་དུད་ཚང་ ༢༩༩༠༠ ལྷག་ཙམ་གྱི་མི་གྲངས་ཁྲི་ཚོ ༡༢.༨༥ ལྷག་ཙམ་དང་འབྲེལ་བ་ཡོད།  སྤྱི་ལོ ༢༠༡༧ ལོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ ༧༠ བསྐྲུན་རྒྱུ་དང་སྤྱི་ལོ ༢༠༡༨ ལོར་མཐའ་འཚམས་འབྱོར་འབྲིང་གྲོང་ཚོ ༡༧༥ བསྐྲུན་རྒྱུ།  སྤྱི་ལོ ༢༠༡༩ ལོར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ ༡༠༩ སྐྲུན་རྒྱུ་བཅས་ཀྱི་གཏན་འཁེལ་བྱས་ཡོད།

གཞིས་རྩེ་གྲོང་ཁྱེར་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ ༣༤༩ སྐྲུན་འགོ་བཙུགས་པ་དང་སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར ༢༠.༩༥ བཏང་པ་རེད།  ད་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཚང་མ་སྐྲུན་འགོ་འཛུགས་ཐུབ་པ་བྱེད་རྒྱུ་དང་ཆབས་ཅིག  མཐའ་མཚམས་གྲོང་ཁྱེར་དང་གྲོང་རྡལ་ཁག་གི་བཙོག་ཆུ་གཙང་སེལ་དང་གད་སྙིགས་གཙང་སེལ།  ཆུ་བེད་སྒྲིག་བཀོད།  འཕྲིན་གཏོང་སྒྲིག་བཀོད།  ཆུ་མཁོ་འདོན་བཅས་རྣམ་གྲངས་ཁག་ཅིག་གཙོ་གནད་ཐོག་ལག་བསྟར་བྱས་ཏེ།  མཐའ་མཚམས་གྲོང་ཚོ་དེ་དག་སྒྲིག་བཀོད་ཆ་ཚང་བ་དང་ཐོན་ལས་དར་རྒྱས་ཆེ་བ།  སྐྱེ་ཁམས་ཁོར་ཡུག་ལེགས་པ་བཅས་ཀྱི་འཚོ་སྡོད་དང་ལས་གཉེར་འཚམས་པ།  བདེ་སྐྱིད་ཤེས་དཔལ་གྱི་འབྱོར་འབྲིང་གྲོང་ཚོར་འགྱུར་བ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]