རང་ལྗོངས་ཀྱི་གལ་ཆེའི་ཆུ་བེད་ལས་གཞི་ཁག་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ན་ནིང་རང་ལྗོངས་ཀྱིས་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར ༥༢.༨༤ བཏང་བ་དེ་ཚད་གཞི་ལས་བརྒལ་བའི་སྒོ་ནས་ལས་འགན་ལེགས་གྲུབ་བྱུང་ཡོད།  འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  ཕུ་མདོ་ཆུ་བེད་ལྟེ་བའི་ལས་གཞིའི་ཆུ་འདྲེན་སྦུག་ལམ་དེ་ན་ནིང་སྤྱི་ཟླ ༨ པའི་ནང་ཁྲིད་ཐུབ་ནས་ད་ཆ་སྲ་བརྟན་གཏོང་བཞིན་ཡོད་པ་དང་།  ལ་ལྷོ་ཆུ་བེད་ལྟེ་བའི་ལས་གཞིའི་རྟ་སྒ་ཆ་སྒྲིག་གི་ལས་གཞི་དེ་དྲག་ཆས་ཉེན་རྟོག་ཆུ་གློག་དཔུང་སྡེའི་དམག་སྦྱོང་རྣམ་གྲངས་ལ་རྩིས་སྤྲོད་ཟིན་པ།  ཤངས་ཆུའི་ཆུ་བེད་ཀྱི་རྟ་སྒ་ཆ་སྒྲིག་གི་ལས་གཞི་དེ་གཞིས་རྩེ་གྲོང་ཁྱེར་ལ་འགན་སྒྲུབ་དོ་དམ་བྱ་རྒྱུར་རྩིས་སྤྲད་པ།  རྫོང་ཐང་ཁ་དང་བར་རྩེ།  ཡིད་འོང་མཚོ་སོགས་ལས་གཞི་གལ་ཆེན་གྱི་གྲ་སྒྲིག་ལས་ཀར་སྐུལ་འདེད་ཏན་ཏིག་བཏང་བ།  བྲོ་ཡུལ་ཆུ་མཛོད་སོགས་ཀྱི་ལས་གཞི་ཨ་མ་སྐྲུན་འགོ་ཚུགས་པ།  ཡར་ཀླུང་ཆུ་མཛོད་དང་ཕྱྭ་གཡང་ཆུ་མཛོད།  གཙང་བྱང་ཆུ་འདྲེན་ཁུལ།  འཕན་པོའི་ཆུ་འདྲེན་ཁུལ་སོགས་ཀྱི་ལས་གཞི་སྤྱིའི་ཆ་ནས་གྲུབ་ཟིན་པ།  ཉང་ཁ་གཙང་པོའི་ཕྱོགས་བསྡུས་བཅོས་སྐྱོང་དང་སྲུང་སྐྱོབ་ལས་གཞི་བདེ་བླགས་ངང་ལག་བསྟར་བྱས་པ་བཅས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོ་རང་ལྗོངས་ཀྱིས་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར ༦༠ ཡན་བཏང་སྟེ་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གཞི་དང་ཡར་ཀླུང་ཆུ་མཛོད།  ཕྱྭ་གཡང་ཆུ་མཛོད།  གཙང་བྱང་ཆུ་འདྲེན་ཁུལ།  འཕན་པོའི་ཆུ་འདྲེན་ཁུལ་སོགས་ཀྱི་ལས་གཞི་སྐྲུན་རྒྱུ་མ་ཟད་ཞིབ་བཤེར་རྩིས་ལེན་ཐུབ་པ་བྱས་ནས་ཆུ་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར ༢.༩༦ འཕར་མ་མཁོ་འདོན་ཐུབ་པ་བྱེད་རྒྱུ་དང་ཆབས་ཅིག  རྫོང་ཐང་ཁའི་ཆུ་བེད་ལྟེ་བའི་ལས་གཞི་དང་བར་རྩེ་ཆུ་བེད་ལྟེ་བའི་ལས་གཞི།  སྟོད་ཡོད་ཆུ་མཛོད།  མེ་འབར་ཐང་ཆུ་མཛོད་སོགས་ཀྱི་ཆུ་མཛོད་སྐྲུན་འགོ་ཚུགས་ཐུབ་པ་བྱེད་རྒྱུ་ཡིན་པ་མ་ཟད།  གལ་ཆེའི་ཆུ་བེད་ལས་གཞི་འཛུགས་སྐྲུན་གྱི་གནས་སྤོས་བཀོད་སྒྲིག་དང་ཆུ་མཛོད་ཁུལ་གྱི་ཡུལ་མིའི་གནས་སྤོའི་ལས་དོན་ལ་རྒྱབ་སྐྱོར་ལག་བསྟར་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་རེད། །

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]