ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ཉེ་དུས་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཏིང་གཡས་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་རྡོ་རྗེ་ཚེ་གྲུབ་ཚོགས་འདུར་ཕེབས་ཡོད།

ཚོགས་འདུའི་ཐོག་རིག་དངོས་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་།  ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་སྐོར་ལ་ཙུང་ལི་ལི་ཁེ་ཆང་ནས་གནང་བའི་མཆན་འགོད་བཀའ་སློབ་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ། ཧྲུའུ་ཅི་ཝུའུ་དབྱིང་ཇེ་དང་ཀྲུའུ་ཞི་ཆེ་དགྲ་ལྷ་རྣམ་གཉིས་ནས་གནང་བའི་འབྲེལ་ཡོད་བཀའ་སློབ་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བཅས་བྱས་པ་མ་ཟད།  རང་ལྗོངས་ཀྱི་རིག་དངོས་ལས་དོན་ཐད་འཕྲད་པའི་དུས་བབ་ལས་འགན་ལ་ཞིབ་འཇུག་དབྱེ་ཞིབ་བྱས་པ་དང་འབྲེལ་གོམས་སྟབས་རྗེས་མའི་ལས་དོན་ལའང་བཀོད་སྒྲིག་བྱས་པ་རེད།

ཏིང་གཡས་ཤན་ནས།  ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་དང་།  གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་བའི་གལ་ཆེའི་དོན་སྙིང་ལྡན་ཡོད་པས།  རིམ་ཁག་འབྲེལ་ཡོད་ཚན་པ་ཁག་གིས་སྲུང་སྐྱོབ་གཙོ་བོར་འཇོག་པ་དང་མྱུར་སྐྱོབ་ཨང་དང་པོར་འཇོག་པ།  བེད་སྤྱོད་ལུགས་མཐུན་བྱེད་པ།  དོན་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ལས་ཀའི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།  མར་ཁེ་སིའི་རིང་ལུགས་ཀྱི་རིག་གནས་ལྟ་བ་བརྟན་པོ་འཛུགས་པ་དང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ།  ཚན་རིག་དང་མཐུན་པའི་འཆར་འགོད་བཟོ་བ།  ཁྲིམས་བཞིན་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པ།  དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།  ཉམས་མྱོང་ཕྱོགས་བསྡོམས་ལ་མཐོང་ཆེན་བྱེད་པ།  ཕྲལ་ཕུགས་གཉིས་ཀར་དམིགས་པ་བཅས་བྱས་ཐོག  ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ཏན་ཏིག་སྒྲུབ་པ།  འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་འགན་འཁྲི་ཡག་པོ་འཁུར་ནས་གོ་རིམ་ལྡན་པའི་ངང་ནུས་སྟོབས་ཆེ་བའི་ལས་དོན་སྤེལ་བ།  ཁོངས་གཏོགས་ལས་ཁུངས་ཁག་གིས་འགན་སེམས་ཆེ་རུ་གཏོང་བ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་འཕྱར་བ་གྲུ་འདེགས་ངང་བོད་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་རྒྱུ་བཅས་ཀྱི་ཐད་ནན་གསུང་གནང་ཡོད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]