ཟངས་རི་རྫོང་གིས་སྐྱེ་ཁམས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གིས་ཐོག་མཐའ་བར་གསུམ་དུ་རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་རོམ་གསེར་དངུལ་རི་ལས་ལྷག་ཅེས་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ།  མཐའ་ཚད་གསུམ་དང་དམ་པོར་བསྟུན་ནས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ་རྫོང་དེ་ཡོངས་ཀྱི་གོང་འཕེལ་སྤྱི་ཡོངས་ནང་བཅུག་སྟེ་དམ་འཛིན་ལྷོད་མེད་བྱས་ཡོད། 
ད་བར་རྫོང་དེས་སྒོར་དུང་ཕྱུར ༤.༥༡ བཏང་ནས་མུའུ་ཁྲི་ཚོ ༡༣.༢ ཟིན་པའི་སྐྱེ་ཁམས་ནགས་གླིང་བསྐྲུན་པ་དང་།  སྒོར་ཁྲི་ཚོ ༩༢༥ བཏང་ནས་མུའུ ༨༧༠༠ ཟིན་པའི་གཙོ་གནད་ཁུལ་ཁོངས་སུ་སྐྱེ་ཁམས་སྤྱི་ཕན་ནགས་གླིང་བསྐྲུན་པ།  སྒོར་ཁྲི་ཚོ ༣༧༥ བཏང་ནས་མུའུ ༧༥༠༠ ཟིན་པའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ནགས་གླིང་བསྐྲུན་པ།  སྒོར་ཁྲི་ཚོ ༢༩༠ བཏང་ནས་མུའུ ༥༨༠༠ ཟིན་པའི་འགོག་སྲུང་ནགས་གླིང་བསྐྲུན་པ།  སྒོར་ཁྲི་ཚོ ༢༢༥༦ བཏང་ནས་མུའུ་ཁྲི་ཚོ ༡༡.༢༠ ཟིན་པའི་བྱེ་སྐྱོན་འགོག་བཅོས་ཀྱི་ལས་གཞི་ལག་བསྟར་བྱས་པ་བཅས་རེད། 
ཟངས་རི་རྫོང་གིས་དབུལ་སྐྱོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས།  སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ།  སྐྱེ་ཁམས་ཁ་གསབ་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག  དབུལ་ཕོངས་མང་ཚོགས་ཚོ་སྐྱེ་ཁམས་ལ་བརྟེན་ནས་དབུལ་གྲོལ་ཡོང་རྒྱུར་ཀྱི་ཕན་པ་ཐོབ་པ་བྱས་ཡོད་པ་དང་།  ད་བར་ཟངས་རི་རྫོང་གིས་མང་ཚོགས ༡༠༥༧ ལ་སྐྱེ་ཁམས་སྲུང་སྐྱོང་གི་ལས་གནས་བཀོད་སྒྲིག་བྱས་ཏེ་ཟླ་རེར་གླ་ཕོགས་སྒོར་ཁྲི་ཚོ ༦༣༤ སྤྲོད་ཀྱི་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]