ནག་ཆུ་གྲོང་ཁྱེར་གྱིས་ཐབས་མང་མཉམ་བཟུང་ངང་བདེ་ཐང་དབུལ་སྐྱོར་ལས་ཀར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ན་ནིང་ཚུན་དུ།  ནག་ཆུ་གྲོང་ཁྱེར་གྱིས་ཐབས་མང་མཉམ་བཟུང་ངང་བདེ་ཐང་དབུལ་སྐྱོར་ལས་ཀར་སྐུལ་འདེད་བཏང་ཡོད་པ་དང་།  ད་བར་དབུལ་ཕོངས་མང་ཚོགས་ཁྲི ༧.༡༡ ལ་གཟུགས་གཞིར་བརྟག་དཔྱད་བྱས་པ་དང་བདེ་ཐང་ཡིག་ཚགས་བརྒྱ་ཆ ༧༢ བཟོས་ཟིན་ཡོད། 

ནག་ཆུ་གྲོང་ཁྱེར་གྱིས་དམིགས་འཛུགས་སྨན་ཁང་དང་ཁྱིམ་ཚང་སྨན་པའི་ལམ་ལུགས་འཛུགས་པ།  གཅོང་ནད་ཐད་མཆན་འགོད་ཞབས་ཞུའི་དོ་དམ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད།  རིགས་དབྱེ་སྨན་བཅོས་ནུས་ལྡན་བྱས་པར་བརྟེན་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་དབུལ་ལོག་ཐེབས་རྒྱུར་ཚོད་འཛིན་ཡག་པོ་ཐུབ་ཡོད།  དེ་དང་ཆབས་ཅིག་ནག་ཆུ་གྲོང་ཁྱེར་གྱིས་སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་རྩིས་རྒྱག་པའི་རྩ་དོན་ལག་བསྟར་བྱས་པས།  མང་ཚོགས་ནས་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱེད་པར་གཏའ་མའི་དངུལ་འཇོག་མི་དགོས་པ་དང་སྨན་རིན་དུས་ཚོད་གཏན་འཁེལ་ཐོག་རྩིས་འབུལ་ཞུ་ཆོག་གི་ཡོད། 

ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས་ཚོ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚེ།  རང་ངོས་ནས་འཇལ་དགོས་པའི་གྲོན་དངུལ་དེ་དག་དམངས་སྲིད་དང་ནོར་སྲིད་ཚན་པས་ཚབ་འཇལ་བྱེད་ཀྱི་ཡོད་པ་མ་ཟད།  སྨན་ཁང་དུ་ཞག་སྡོད་སྨན་བཅོས་ཀྱི་སྨན་རིན་རྩིས་ཞུ་བྱེད་ཚད་དེ་སྔའི་རྨང་གཞིའི་ཐོག་བརྒྱ་ཆ ༥ ནས ༡༠ ཡི་བར་མཐོ་རུ་བཏང་ཞིང་།  གཅོང་ནད་ཕོག་པའི་ནད་པར་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་གྱི་བརྒྱ་ཆ ༥༠ ནས ༧༠ བར་རྩིས་ཞུ་བྱེད་ཀྱི་ཡོད།

ད་བར་གྲོང་ཁྱེར་དེ་ཡོངས་ཀྱིས་ནད་པ ༤༦༦༡ ལ་སྨན་བཅོས་བྱས་ནས་སྨན་རིན་སྒོར་ཁྲི་ཚོ ༤༩༥༠.༦༢ ལྷག་ཙམ་རྩིས་ཞུ་བྱས་ཡོད།  ནག་ཆུ་གྲོང་ཁྱེར་གྱིས་ད་དུང་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཤིན་ཏུ་དབུལ་བའི་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཆ་རྐྱེན་དང་སྨན་བཅོས་ལག་རྩལ།  ནད་ཡམས་སྔོན་འགོག་དང་སྨན་བཅོས།  ཞབས་ཞུའི་ནུས་པ་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་དང་།  རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མི་སྣར་རྩལ་ནུས་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད།  རྫོང་ཁག་གིས་ཀྱང་སྨན་དོན་པ་མི་ཐེངས ༣༠༠༠ ལྷག་ཙམ་ལ་སྦྱོང་བརྡར་སྤྲད་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]