ཆབ་མདོས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-04-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དང་ཡུལ་སྐོར་ལས་རིགས་གོང་འཕེལ་ལ་གཞི་ཚུགས་ནས།  ཚན་རིག་དང་མཐུན་པའི་སྒོ་ནས་བྱ་ཐབས་སྣ་ཚོགས་བཟུང་བ་དང་འབྲེལ་མཐུད་གནད་འཕིགས་བྱས་ཏེ།  དབུལ་ཕོངས་མང་ཚོགས་ཚོའི་རང་ངོས་ཀྱི་གོང་འཕེལ་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  ཡུལ་སྐོར་ལས་རིགས་འདི་ཉིད་གྲོང་ཁྱེར་དེ་ཡོངས་ཀྱི་དབུལ་ཕོངས་མང་ཚོགས་རྣམས་དབུལ་གྲོལ་ཕྱུག་འགྱུར་ཐུབ་རྒྱུའི་འགུལ་ཤུགས་སུ་གྱུར་བ་བྱས་ཡོད།

ལོ་ལྔ་ཚན་བཅུ་གསུམ་པའི་རིང་།  ཀྲུང་དབྱང་གི་སྔོན་རྩིས་བྱས་པའི་འཆར་གཞིའི་ཁྲོད་ཆབ་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་རྣམ་གྲངས་བརྒྱད་ལ་སྒོར་དུང་ཕྱུར ༡.༣ གཏོང་རྩིས་ཡོད་པའི་ནང་།  ད་བར་རྣམ་གྲངས་བཞི་སྐྲུན་པར་སྒོར་ཁྲི་ཚོ ༧༢༠༧ བཏང་ཟིན་པ་དང་།  དབུལ་ཕོངས་མང་ཚོགས ༡༦༠ ལྷག་ཙམ་ཡུལ་སྐོར་རྣམ་གྲངས་ནང་ལས་ཞུགས་ཐུབ་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར ༥༦༠༠ ལྷག་ཙམ་བྱུང་ཡོད།

ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གྲོང་གསེབ་ཡུལ་སྐོར་གོང་འཕེལ་ཤུགས་ཆེ་བཏང་བ་དང་།  ད་བར་གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་༼ ཆུས ༽ཁག་ཏུ་ཡུལ་སྐོར་གྱི་གླིང་ཁ་གཏོང་ས ༡༦ བཙུགས་པས།  དབུལ་ཕོངས་མང་ཚོགས ༦༤༠ ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ལོའི་ནང་མི་རེར་ཆ་སྙོམས་འབབ་འཕར་སྒོར ༡༠༠༠༠ ལྷག་ཙམ་བྱུང་ཡོད། 
གཞན་ཡང་།  གྲོང་ཁྱེར་དེ་ཡོངས་སུ་ཁྱིམ་ཚང་མགྲོན་ཁང་ ༣༤༡ དང་གྲོང་གསེབ་ཡུལ་སྐོར་ས་ཚིགས ༧༤ སྐྲུན་པར།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས ༣༣༥༠ ལྷག་ཙམ་ལས་ཞུགས་ཐུབ་ནས་གྲོང་གསེབ་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་ཚོ ༤༢༢༡ བྱུང་སྟེ།  དབུལ་ཕོངས་དུད་ཚང་ ༦༦༠ ལྷག་ཙམ་གྱི་མང་ཚོགས ༢༧༣༠ ལྷག་ཙམ་དབུལ་གྲོལ་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།  ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་ཡུལ་སྐོར་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  ཡུལ་སྐོར་ཞབས་ཞུའི་ནང་ཞུགས་མཁན་ལ་སྦྱོང་བརྡར་སྤྲད་དེ་ཁོང་ཚོའི་རྩལ་ནུས་ཆེ་རུ་བཏང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]