རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ནས་ལྷུན་གྲུབ་རྫོང་སོཌ་སུ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་དང་སྨན་བཅོས་འགན་སྲུང་ལས་ཀར་རྟོག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་མེ་ཡིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ།  ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དང་མལ་གྲོ་གུང་དཀར་རྫོང་དུ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་དང་སྨན་བཅོས་འགན་སྲུང་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་བར་ཕེབས་པ་རེད།  བརྟག་ཞིབ་ཚོགས་ཆུང་དང་བཅས་པས་སྔ་རྗེས་སུ་ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་དང་མཁར་རྩེ་ཤང་འཕྲོད་བསྟེན་ཁང་།  དགའ་ལྡན་ཆོས་འཁོར་གྲོང་རྡལ་གླང་ཐང་གྲོང་ཚོའི་འཕྲོད་བསྟེན་ཁང་།  མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་།  ཐང་སྐྱ་ཤང་སྡོང་པོ་སྒང་གྲོང་ཚོའི་འཕྲོད་བསྟེན་ཁང་།  རྒྱ་མ་ཤང་འཕྲོད་བསྟེན་ཁང་སོགས་སུ་ཕེབས་ནས་རྫོང་དང་ཤང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་དང་བློ་རིག་སྨན་ཁང་ཆ་འཕྲིན་ཅན་དོ་དམ།  གཞི་རིམ་སྨན་བཅོས་འཕྲོད་བསྟེན།  ཞིང་འབྲོག་ཁུལ་གྱི་སྨན་བཅོས་འགན་སྲུང་སོགས་ལས་དོན་སྤེལ་ཚུལ་ཐད་བརྟག་ཞིབ་གནང་བ་མ་ཟད།  བྱམས་བརྩེའི་ངང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་དོན་པར་འཚམ་འདྲི་ཡང་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་ནས་རིམ་ཁག་འབྲེལ་ཡོད་ཚན་པ་ཁག་གིས་འཕྲོན་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ།  གཞི་རིམ་གྱིས་གཙོ་གནད་བྱེད་པ་དང་བསྒྱུར་བཅོས་གསར་གཏོད་ངང་སྒུལ་ཤུགས་འཕེལ་བ་བྱས་ནས།  རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་ཧུར་ཐག་གཏོང་དགོས་པ་དང་།  ཆ་འཕྲིན་ཅན་གྱི་སྟེགས་བུ་འཛུགས་སྐྲུན་ཡག་པོ་བྱས་ཏེ་ནད་ཡམས་འགོག་བཅོས་ལས་སྒོའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་།  སྨན་དོན་མི་སྣའི་ཆེད་ལས་ཆུ་ཚད་མཐོ་རུ་བཏང་ནས་མང་ཚོགས་ལ་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྒྲུབ་པ།  སྤུས་ལེགས་ཕན་ཆེའི་སྨན་བཅོས་འགན་སྲུང་ཞབས་ཞུའི་མ་ལག་བཙུགས་ཏེ་ཁྱོན་ཡོངས་ནས་སྨན་བཅོས་རོགས་སྐྱོབ་མ་དངུལ་དོན་འཁྱོལ་བྱེད་པ།  གཞི་རིམ་སྨན་བཅོས་ཚན་པ་ཚད་གཞི་ཅན་གྱི་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་སྟེ།  བབ་བསྟུན་གྱི་དོ་དམ་སྒྲིག་གཞིའི་ལམ་སྲོལ་ལག་ལེན་བསྟར་བ་བཅས་བྱས་ནས།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་རིམ་བཞིན་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]