རང་ལྗོངས་ཀྱིས་སློབ་གྲྭའི་བདེ་འཇཌ་ལས་ཀར་ཕྱོཌ་བསྡོམས་དང་གོམས་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་སློབ་གྲྭའི་བདེ་འཇགས་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་ཏེ།  ལྗོངས་ཡོངས་ཀྱི་སྤྱི་ལོ ༢༠༡༨ ལོའི་སློབ་གྲྭའི་བདེ་འཇགས་ལས་དོན་ཕྱོགས་བསྡོམས་བྱས་པ་དང་ལྗོངས་ཡོངས་ཀྱི་སྤྱི་ལོ ༢༠༡༩ ལོའི་སློབ་གྲྭའི་བདེ་འཇགས་ལས་དོན་བཀོད་སྒྲིག་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མོའོ་ཅུན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག  ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་དང་འབྲེལ་ཡོད་ཚན་པ་ཁག  སློབ་གྲྭ་ཁག་བཅས་ཀྱིས་སློབ་གྲྭའི་བདེ་འཇགས་ལས་དོན་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་དོན་ཆེན་གཙོ་བོར་རྩིས་ནས་དམ་འཛིན་བྱེད་དགོས་པ་དང་།  ཆབ་སྲིད་ཀྱི་བདེ་འཇགས་དེ་གནས་བབ་ཨང་དང་པོར་བཞག་ནས་སློབ་གྲྭའི་སྤྱི་པའི་བདེ་འཇགས་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཐོག  སློབ་གྲྭའི་བདེ་འཇགས་ཐད་ཀྱི་ཉེན་ཁ་དོགས་ཟོན་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་འཛུགས་དགོས་པ།  རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ནས་སློབ་གྲྭའི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་གི་མཉམ་ཤུགས་ཆེན་པོ་ཆགས་པ་བྱས་ཏེ།  སློབ་གྲྭའི་བདེ་འཇག་ཐད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བློ་བདེ་པོ་ཡོང་བ་དང་།  བོད་ཀྱི་མི་རིགས་ཁག་གི་མང་ཚོགས་བློ་ཡིད་འཚིམ་པའི་བདེ་འཇགས་མཁར་རྫོང་ལྟ་བུ་ཞིག་ཏུ་སྐྲུན་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]