གར་སྟེགས་ཟློས་གར་མཁའ་ལམ་ཞེས་པས་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས༡༢པར་ཞུགས་ཏེ་ཝུན་ཧྭ་བྱ་དགའ་ཆེ་མོ་བརྩོན་ལེན་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མི་རིགས་ཀྱི་ཁྱད་ཆོས་མངོན་པའི་གར་སྟེགས་ཟློས་གར་མཁའ་ལམ་ཞེས་པའི་རེས་འཁོར་དྲུག་པའི་འཁྲབ་སྟོན་སྤྱི་ཟླ ༥ པའི་ཚེས ༡༡ ཉིན་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་མཇུག་སྒྲིལ་བ་མ་ཟད།  རྒྱལ་སའི་གློག་བརྙན་ཁང་དུ་དེང་རབས་ཚན་རྩལ་བརྒྱུད་འཁྲབ་སྟོན་གྱི་ནང་དོན་ཧྲིལ་པོ་སྟོན་ཡོད།  མཁའ་ལམ་ཞེས་པའི་མི་རིགས་ཀྱི་ཟློས་གར་དེ་པེ་ཅིང་གྲོང་ཁྱེར་གྱི་མིང་ཐོག་ནས་སྤྱི་ཟླ ༥ པའི་ཚེས ༢༤ དང ༢༥ ཉིན་ཧྲང་ཧེར་སྤེལ་རྒྱུའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པར་ཞུགས་རྒྱུ་མ་ཟད།  སྐབས་བཅུ་དྲུག་པའི་ཝུན་ཧྭ་བྱ་དགའ་ཆེ་མོ་ཡང་བརྩོན་ལེན་བྱ་རྒྱུ་རེད།

སྤྱི་ལོ ༢༠༡༨ ལོར་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་ ༤༠ དང་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་ ༡༢ འཁོར་བར་དྲན་གསོ་ཞུ་ཆེད།  རྒྱལ་ཁབ་ཟློས་གར་ཁང་ཆེ་མོས་བསྒྱུར་བཅོས་སྒོ་དབྱེའི་གཙོ་གནད་ལས་གཞི་མཚོ་བོད་ལྕགས་ལམ་ཞེས་པ་རྒྱབ་ལྗོངས་སུ་བྱས་པའི་གར་སྟེགས་ཟློས་གར་དེ་གསར་རྩོམ་བྱས་པ་དང་།  ཟློས་གར་དེས་རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་དམག་དམངས་ཉ་ཆུ་ལྟ་བུའི་བརྩེ་སེམས་ཀྱི་གཙོ་དོན་ལ་གཞིགས་ཏེ།  མི་རབས་གསུམ་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་ལྕགས་ལམ་སྐྲུན་པའི་གཏམ་རྒྱུད་གླེང་ཡོད།  འཁྲབ་གཞུང་རྩོམ་སྒྲིག་པ་ལོའོ་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།  ད་རེས་འཁྲབ་སྟོན་བྱས་པའི་ཟློས་གར་གྱི་གྲུབ་ཆ་སྔར་བས་འཐུས་སྒོ་ཚང་བ་དང་ཞབས་བྲོ་སྔར་བས་ཕུན་སུམ་ཚོགས་པོ་ཡོད་ཅེས་བཤད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]