རང་ལྗོངས་སུ་སྐྱེ་ཁམས་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག་ཐོག་མ་དེ་བཙུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་སྐྱེ་ཁམས་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག་ཉིན་ཤས་གོང་བཙུགས་པ་མ་ཟད།  དངོས་སུ་ལས་གནས་ཐོག་བསྐྱོད་དེ་ལས་འགན་སྒྲུབ་འགོ་ཡང་ཚུགས་པ་རེད།  དེ་ནི་བོད་ལྗོངས་སུ་བཙུགས་པའི་སྐྱེ་ཁམས་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག་ཐོག་མ་དེ་ཡིན་པ་དང་།   དེས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་རེད།  
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཞིབ་དཔྱོད་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན།  གསར་དུ་བཙུགས་པའི་སྐྱེ་ཁམས་སྲུང་སྐྱོང་གི་མི་མེད་གནམ་གྲུའི་སྐོར་ཞིབ་རུ་ཁག་ལ་ཁྱོན་གནམ་གྲུ་བཞི་ཡོད་པ་དང་།  སྐོར་ཞིབ་རུ་ཁག་དེ་བྲག་ཡིབ་ཆུས་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིབ་དཔྱོད་ཁང་།  སྤྱི་བདེ་ཅུད།  རང་བྱུང་ཐོན་ཁུངས་ཅུད།  སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད།  ནགས་ལས་དང་རྩྭ་ཐང་ཅུད།  ཞིང་ལས་གྲོང་གསེབ་ཅུད་སོགས་ལས་ཁུངས་བརྒྱད་ལས་གྲུབ་ཡོད་པ་དང་།  འཐུང་ཆུའི་ཆུ་འགོ་དང་ས་ཆ།  གཏེར་ཁ།  ཤིང་ནགས།  རང་བྱུང་སྲུང་སྐྱོང་ཁུལ།  གྲོང་གསེབ་སོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་འཁུར་རྒྱུ་རེད།། 

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]