བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་བོད་རིགས་ནད་གཡོག༧༧ལ་ནད་གཡོག་ཞྭ་མོ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༡༢ ཉིན་ནི་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ཡིན་པ་དང་ཉིན་དེའི་ཕྱི་དྲོ།  བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གིས་སྤྱི་ལོ ༢༠༡༦ ལོ་རིམ་གྱི་ནད་གཡོག་ཚན་ཁག་གི་བོད་རིགས་ནད་གཡོག ༧༧ ལ་ནད་གཡོག་གི་ཞྭ་མོ་གནང་བའི་མཛད་སྒོ་གཉེར་བ་རེད། 
བོད་རིགས་སློབ་མ ༧༧ རྣམས་ཟླ་འདིའི་ཟླ་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱི་སྨན་ཁང་ཁག་ཏུ་དངོས་སྦྱོང་བྱེད་པར་བསྐྱོད་རྒྱུ་དང་།  དངོས་སྦྱོང་མཇུག་སྒྲིལ་བ་དང་ནད་གཡོག་གི་ཐོབ་ཐང་ལག་ཁྱེར་རྒྱུགས་སྤྲོད་བྱས་རྗེས།  ནད་གཡོག་པ་ངོ་མར་གྱུར་ནས་ས་མཐོའི་སྨན་བཅོས་བྱ་གཞག་ལ་གསོན་ཤུགས་གསར་པ་སྦྱིན་རྒྱུ་རེད།  བོད་ལ་སྨན་དོན་ཤེས་ལྡན་པ་དཀོན་པའི་གནད་དོན་སྔར་བཞིན་གནས་མུས་ཡིན་པ་དང་།  བོད་ལྗོངས་སློབ་ཆེན་ནི་བོད་ཀྱི་རྗེས་གྲབས་སྨན་དོན་ཤེས་ལྡན་པ་གསོ་སྐྱོང་གི་ནུས་པ་ཡོད་པའི་མཐོ་རིམ་སློབ་ཆེན་གྲས་ཤིག་ཡིན་པས།  གོམས་སྟབས་རྗེས་མར་ནད་གཡོག་གསོ་སྐྱོང་ལས་ཀའི་ཐད་སྔར་བས་ཤུགས་སྣོན་རྒྱག་རྒྱུ་རེད།

གཞན་ཡང་།  ནད་གཡོག་ཞྭ་མོ་གནང་བའི་མཛད་སྒོར་གདན་ཞུས་ལྟར་ཕེབས་པའི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཁོག་ནད་ཚན་པའི་སྤྱི་ཁྱབ་ནད་གཡོག་ཧེ་གཡན་གྱིས།  བོད་རིགས་ནད་གཡོག་ཚོར་བོད་རིགས་ནད་པ་དང་འབྲེལ་གཏུག་བྱེད་པའི་སྐད་བརྡ་དང་རིག་གནས་ཐད་ལ་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་ལེགས་ཆ་ལྡན་ཡོད།  དེར་བརྟེན་རྗེས་སུ་བོད་རིགས་སྨན་དོན་ཤེས་ལྡན་པ་རྒྱུན་ཆད་མེད་པ་གསོ་སྐྱོང་བྱེད་རྒྱུ་ནི་གལ་ཆེའི་ལས་འགན་ཞིག་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]