རང་ལྗོངས་རིག་གནས་ཁེ་ལས་ཆུང་གྲས་ཀྱི་གསར་གཏོད་ལས་གཏོད་ཞབས་ཞུ་རྟེན་གཞི་གཉེར་སྐྱོང་བྱེད་འགོ་ཚུཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་ལྗོངས་ཀྱིས་རིག་གནས་ཁེ་ལས་ཆུང་གྲས་ཀྱི་གསར་གཏོད་ལས་གཏོད་ཞབས་ཞུ་རྟེན་གཞི་ལྷ་སར་བཙུགས་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་།  རང་ལྗོངས་སུ་ད་ཆའི་རིག་གནས་ཐོན་ལས་ཀྱི་གཉིས་གཏོད་རིགས་རྟེན་གཞི་གཅིག་པུ་དེ་ཉིད་ཡིན་པའི་ངོས་ནས།  བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་སྐྱེད་སྲིང་བྱེད་རྒྱུར་གལ་ཆེའི་སྟེགས་བུ་མཁོ་འདོན་ཐུབ་རྒྱུ་དང་།  བོད་ཀྱི་རིག་གནས་ཐོན་ལས་གོང་འཕེལ་ལ་སྐུ་འདེད་བཏང་སྟེ་ཁྱད་ལྡན་རིག་གནས་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཐུབ་ནས།  བོད་མི་རིགས་ཀྱི་རིག་གནས་ལྗོངས་ཡོངས་སུ་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཁ་ཕྱོགས་རྒྱུར་གལ་ཆེའི་ནུས་པ་ཡང་ཐོན་རྒྱུ་རེད།   
རང་ལྗོངས་སུ་བཅའ་སྡོད་རིག་གནས་ཁེ་ལས་ཆུང་གྲས་ཀྱི་གསར་གཏོད་ལས་གཏོད་ཞབས་ཞུའི་རྟེན་གཞིའི་ཁེ་ལས་གྲས་ཤིག་གི་ངོས་ནས།  སྤྱི་ལོ ༢༠༡༦ ལོར་བཙུགས་པའི་བོད་ལྗོངས་ཀུན་ཕན་རིག་གནས་བློ་གསར་ཚད་ཡོད་ཀུང་སིས་ཀུང་སི་དང་སྒྱུ་རྩལ་པ།  རྟེན་གཞི་བཅས་མཉམ་གཉེར་གྱི་རྣམ་པ་བཟུང་བ་དང་།  ཞིང་ལས་དལ་བའི་དུས་ཚོད་སྤྱད་དེ་ས་ཆ་ཁག་ཏུ་གྲོང་གསེབ་དམངས་ཁྲོད་ལག་ཤེས་བཟོ་རྩལ་པ་གཅིག་གྱུར་སྒྲིག་འཛུགས་བྱས་ནས་བཟོས་པའི་ལག་ཤེས་ཐོན་རྫས་དག་ལ་སྤྱི་ལོ ༢༠༡༨ ལོར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་ཚོ ༣༠༠ ལྷག་ཙམ་ཟིན་པ་དང་།  དེང་སྐབས་ཀུང་སི་དེས་ལག་ཤེས་བཟོ་རྩལ་པ ༢༨༠ ལྷག་ཙམ་དང་མཉམ་འབྲེལ་གན་རྒྱ་བཞག་པ་རེད།   
དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་ཅེས་པ་ནི།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་རྒྱུན་རྣམ་གསར་པའི་འོག  དཔལ་འབྱོར་འཕར་སྣོན་ལ་སྐུལ་སྤེལ་གཏོང་རྒྱུའི་འགག་རྩའི་བྱ་ཐབས་གྲས་ཤིག་རེད་ལ།  མང་ཚོགས་ཚོས་བསྒྱུར་བཅོས་ནང་ཐེ་ཞུགས་དང་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་རྒྱུར་སྐུལ་ལྕག་བཏང་སྟེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྒུལ་ཤུགས་ཆེ་མོ་ཞིག་ཀྱང་རེད།  ཉེ་བའི་ལོའི་རིང་རང་ལྗོངས་སུ་དམངས་ཀྱིས་བྱ་གཞག་སྐྲུན་རྒྱུ་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་སྤེལ་གཏོང་བའི་བསམ་འཆར་བྱ་ཐབས་རབ་དང་རིམ་པ་བཏོན་ནས།  སྔར་བྱུང་མྱོང་མེད་པའི་སྟོབས་ཤུགས་ཀྱི་ཐོག་ནས་སློབ་ཆེན་སློབ་ཐོན་སློབ་མའི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱས་པས།  ལྗོངས་ཡོངས་སུ་གོང་འོག་ཚང་མའི་གསར་གཏོད་ལས་གཏོད་ཀྱི་ཧུར་བརྩོན་སྟོབས་ཤུགས་ཞིག་ཇི་ཆེར་ཕྱིན་ཡོད།  སྤྱི་ལོ ༢༠༡༧ ལོར་རང་ལྗོངས་ཀྱིས་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མཐའ་མའི་འགག་གནད་ལས་འགྲོལ་བ་བྱས་པས།  གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་ཉིན་རེ་བཞིན་ལེགས་སུ་ཕྱིན་ནས།  དམངས་ཀྱི་ལས་གཏོད་སྤྲོ་སེམས་དང་གསར་གཏོད་བློ་རིག་གངས་ལྗོངས་ས་མཐོར་འདོན་སྤེལ་གང་ལེགས་ཐུབ་ཡོད།

སྤྱི་ལོ ༢༠༡༨ ལོའི་བར་རང་ལྗོངས་སུ་གཉིས་གཏོད་གཞིས་བརྟེན ༧༤ བཙུགས་ནས།  གསར་གཏོད་ལས་གཏོད་ཚོགས་པ་དང་ཐོག་མའི་ལས་གཏོད་ཁེ་ལས ༡༣༣༨ ཀྱི་ཡིད་དབང་བཀུག་ཡོད།  ཚན་རྩལ་གསར་གཏོད་ཁེ་ལས་ཁག་ཅིག་གོང་འཕེལ་སྟོབས་ཆེར་ཕྱིན་པ་དང་།  སྤྱི་ལོ ༢༠༡༨ ལོར་ལྗོངས་ཡོངས་སུ་མཐོ་གསར་ལག་རྩལ་ཁེ་ལས ༥༠ ལས་བརྒལ་བ།  ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་ ༧༥ ཟིན་ནས་ཁག་སོ་སོར་དུས་མཚུངས་པ་ལས་བརྒྱ་ཆ ༥༣ དང་བརྒྱ་ཆ ༡༤༢ འཕར་པ་རེད།  ནས་དང་འབྲི་གཡག  བོད་ལུགས་གསོ་རིག  དང་བོད་སྨན་སོགས་འདེགས་སྐྱོར་བྱེད་ཤུགས་ཆེ་བ་དང་ཕན་འབྲས་མངོན་གསལ་དོད་པའི་ས་མཐོའི་ཁྱད་ལྡན་ཐོན་ལས་ཁག་ཅིག་སྐྱེད་སྲིང་བྱས་པས།  ཁྱད་ལྡན་དཔལ་འབྱོར་འཕྲལ་མར་གོང་འཕེལ་ཆེན་པོ་ཕྱིན་ཏེ་བོད་ཀྱི་དཔལ་འབྱོར་ཁྲོད་གསོན་ཤུགས་ཆེ་ཤོས་དང་འཕེལ་རྒྱས་གཏོང་ཤེད་ཆེ་ཤོས་སུ་གྱུར་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]