ལྷ་ས་གྲོང་ཁྱེར་གྱིས་ཟ་ཁང་ཁག་གི་ཐབ་ཚང་ནས་ཐོན་པའི་ཟོག་སྙིགས་གཅིག་བསྡུས་ཐག་གཅོད་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཟ་ཁང་ཁག་གི་ཐབ་ཚང་ནས་ཐོན་པའི་ཟོག་སྙིགས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱེད་ཐུབ་པ་དང་རྫབ་སྣུམ་སྤྱོད་རྒྱུ་སྔོན་འགོག་ནན་པོ་བྱེད་པ་མ་ཟད།  ཐབ་ཚང་གི་ཟོག་སྙིགས་ལས་ཐོན་པའི་བཟའ་བཅའ་དང་།  སྐྱེ་ཁམས་ཀྱི་བདེ་འཇགས་དང་ཁོར་ཡུག་འཕྲོད་བསྟེན་ལ་གནོད་པའི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བཅས་བྱས་ཏེ།  གྲོང་ཁྱེར་དེ་ཡོངས་ཀྱི་བཟའ་འཐུང་བདེ་འཇགས་དང་གྲོང་མིའི་གཟུགས་པོའི་བདེ་ཐང་འགན་སྲུང་བྱེད་ཆེད།  ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་ཟ་ཁང་ཁག་ནས་ཐོན་པའི་ཐབ་ཚང་གི་གད་སྙིགས་དོ་དམ་བྱ་ཐབས་ཞེས་པ་དངོས་སུ་བཏོན་ཡོད།

བྱ་ཐབས་དེའི་ནང་།  ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་ཟ་ཁང་ཁག་གི་ཐབ་ཚང་ནས་ཐོན་པའི་ཟོག་སྙིགས་གཅིག་གྱུར་བསྡུ་སྐྱེལ་དང་ཐག་གཅོད་ལས་དོན་སྤེལ་ཏེ།  ཟ་ཁང་ཁག་གི་ཐབ་ཚང་ནས་ཐོན་པའི་ཟོག་སྙིགས་ལོགས་སུ་བསྡུ་ལེན་དབོར་འདྲེན་དང་གཅིག་བསྡུས་ཐག་གཅོད་བྱེད་རྒྱུའི་བླང་བྱ་བཏོན་ཡོད།  བྱ་ཐབས་དེ་བཏོན་རྗེས།  ཟ་ཁང་ཁག་གི་ཐབ་ཚང་ནས་ཐོན་པའི་ཟོག་སྙིགས་གཅིག་བསྡུས་བསྡུ་སྐྱེལ་ཐག་གཅོད་ཀྱི་སྲིད་འཛིན་ཆོག་འཐུས་རགས་པའི་ལྷ་སའི་ཧྲེང་ཆིང་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཚད་ཡོད་ཀུང་སིས།  ཟ་ཁང་ཁག་གི་ཐབ་ཚང་ནས་ཐོན་པའི་ཟོག་སྙིགས་གཅིག་བསྡུས་བསྡུ་སྐྱེལ་དང་ཐག་གཅོད་ལས་དོན་སྤེལ་རྒྱུ་ཡིན་ཞིང་།  ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པས་ལྟ་སྐུལ་དོ་དམ་གྱི་ལས་དོན་ཡག་པོ་སྤེལ་རྒྱུར་གཞོགས་འདེགས་བྱེད་རྒྱུ་རེད།

ལྷ་ས་གྲོང་ཁྱེར་ཟ་ཁང་གི་ཟོག་སྙིགས་ཐག་གཅོད་ལྟེ་གནས་དེ་ད་ལྟ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་མེད་པར་བརྟེན།  ལྷ་ས་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་དོ་དམ་ཅུས་ཀྱིས།  ལྷ་ས་གྲོང་ཁྱེར་གྱི་ཟ་ཁང་ཁག་གི་ཐབ་ཚང་ནས་ཐོན་པའི་ཟོག་སྙིགས་ཐོན་ཁུངས་ཅན་དུ་བེད་སྤྱོད་དང་།  གནོད་མེད་ཐག་གཅོད་རྣམ་གྲངས་འཁོར་རྒྱུགས་མ་བྱས་གོང་གི་གནས་སྐབས་བབ་བསྟུན་བསྡུ་སྐྱེལ་དང་ཐག་གཅོད་ཀྱི་ལག་བསྟར་ཇུས་གཞི་ཞེས་པ་བཟོས་ཡོད།  བབ་བསྟུན་བསྡུ་ལེན་ཁྱབ་ཁོངས་དེ་གནས་སྐབས་ཁྲེན་ཀོན་ཆུས་སུ་གཏན་འཁེལ་བྱས་པ་དང་།  དྲིལ་བསྒྲགས་གནས་ཚུལ་དང་བསྡུ་སྐྱེལ་ནུས་པར་གཞིགས་ཏེ་ཁྱབ་ཁོངས་སླར་ཡང་རྒྱ་ཆེར་གཏོང་རྒྱུ་ཡིན་ཞིང་།  གྲོས་མཐུན་ལ་མིང་རྟགས་འགོད་པའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་དཔེ་སྟོན་གྱི་ནུས་པ་ཐོན་པ་བྱེད་རྒྱུ་རེད།

གྲོང་ཁུལ་དུ་ཟོག་སྙིགས་གཅིག་བསྡུས་ས་ཚིགས་བཟོས་པ་ལས་སླར་ཡང་སྦགས་བཙོག་ཐོན་རྒྱུ་སྔོན་འགོག་བྱ་ཆེད།  ཟ་ཁང་ཁག་གིས་ཐབ་ཚང་ནས་ཐོན་པའི་གད་སྙིགས་མང་ཉུང་ལ་གཞིགས་ནས་གཅིག་བསྡུས་སྣོད་ཆས་རང་གྲབས་བྱེད་དགོས་པ་དང་།  ཟོག་སྙིགས་སྐྱེལ་འདྲེན་གྱི་འདོད་མཐུན་བཞག་པའི་ཟ་ཁང་དུ་ཟོག་སྙིགས་བསྡུ་སྐྱེལ་རླངས་འཁོར་གྱིས་ཉིན་རེར་ཟོག་སྙིགས་གཅིག་བསྡུས་ཐོག་བསྡུ་ལེན་བྱེད་པར་ཡོང་ནས་གཅིག་གྱུར་ཐོག་དབོར་སྐྱེལ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]